Return to Video

ཅེན་རྦེབ་ཕི་ཊིས་སི་ཊིས་མེ་ཁིལ།ལོ་རྒྱས་ཀྱི་གྲངས་རིག

  • 0:00 - 0:04
    གྲངས་རིག་དེ་ཤིན་ཏུ་ནུས་པ་ཆེ་བའི་སྐད་བརྡ་ཞིག་ཡིན།
  • 0:04 - 0:06
    དངོས་ལུགས་དང་སྐྱེ་དངོས། དཔལ་འབྱོར་རིག་པའི་ཕྱོགས་འགྲེལ་པའི་ཚེ།
  • 0:06 - 0:08
    དེ་ལ་རང་ཆས་སུ་གྲུབ་པའི་མཐུ་ཁྱད་པར་བ་ཞིག་ཡོད།
  • 0:08 - 0:11
    འོན་ཀྱང་ལོ་རྒྱུས་སོགས་མི་ཆོས་རིག་ཚན་དག་ལ་འགྲེལ་ཁག་པོ་ཡོད་པ་རེད།
  • 0:11 - 0:13
    མི་ཁ་ཤས་ཀྱིས་མི་ཆོས་རིག་ཚན་ཁག་ལ་གྲངས་རིག་གིས་འགྲེལ་རྒྱག་མི་ཐུབ་སྙམ་ཡོད་དེ།
  • 0:13 - 0:16
    དེས་མིའི་བྱ་བྱེད་དང་
  • 0:16 - 0:18
    ལོ་རྒྱུས་ལ་ཚད་གཞལ་ཐབས་མེད་པར་འདོད་ཡོད།
  • 0:18 - 0:20
    ཡིན་ཡང་། ཁོ་བོས་དེ་འདྲ་བསམ་གྱི་མེད།
  • 0:20 - 0:22
    ངས་ཚང་མར་ལྡོག་ཕྱོགས་ཀྱི་དཔེ་འགའ་འདྲེན།
  • 0:22 - 0:25
    ངའི་མཉམ་ལས་རོཊ་པErezདང་ངེད་གཉིས་ཀྱིས་གཤམ་གྱི་དོན་དག་ལ་བསམ་བློ་བཏང་པ་ཡིན།
  • 0:25 - 0:28
    དོན་དག་གང་ཡིན་ཟེར་ན། དུས་རབས་མི་གཅིག་པའི་རྒྱལ་པོ་གཉིས་ཀྱིས་
  • 0:28 - 0:29
    སྐད་རིགས་མི་འདྲ་བའི་ལམ་ནས་ཁ་བརྡ་བྱེད་ཅིང་།
  • 0:29 - 0:32
    འདི་ལ་ལོ་རྒྱུས་ཀྱི་ནུས་མཐུ་ཤིན་ཏུ་ཆེན་པོ་ཞིག་ཡོད།
  • 0:32 - 0:33
    བྱས་ཙང་། ཨིན་ཇིའི་རྒྱལ་པོ་ཨལ་ཧྥོ་ཌིར་ཡིས་
  • 0:33 - 0:35
    བརྡ་སྤྲོད་དང་ཐ་སྙད་རིགས་ཤིག་སྤྱོད་སྲིད་ཅིང་།
  • 0:35 - 0:39
    དེ་ནིhip hopཡི་རྒྱལ་པོJay-Zཡིས་སྤྱོད་པའི་བརྡ་སྤྲོད་དང་ཐ་སྙད་དང་རྦད་དེ་འདྲ་གི་མ་རེད།
  • 0:39 - 0:40
    ༼དགོད་སྒྲ༽
  • 0:40 - 0:43
    ངོ་མ་དེ་དེ་འདྲ་ཞིག་རེད།
  • 0:43 - 0:45
    སྐད་ཆ་ནི་དུས་དང་བསྟུན་ནས་འགྱུར་ཅིང་། བྱེད་ནུས་ཤིན་ཏུ་ཆེན་པོ་ཡོད།
  • 0:45 - 0:47
    དེ་བསErezདང་ངེད་གཉིས་ཀྱིས་སྐད་ཆའི་ལོ་རྒྱུས་སྐོར་མང་ཙམ་ཤེས་འདོད་བྱུང་།
  • 0:47 - 0:51
    ངེད་གཉིས་ཀྱིས་བྱ་ཚིག་ལས་དུས་འདས་པའི་སྲོལ་དེ་ལ་ཞིབ་འཇུག་བྱས་པ་ཡིན།
  • 0:51 - 0:54
    མི་ཚོས་བྱ་ཚིག་གི་གི་རྗེས་ལ“ed”སྦྱར་ནས་དུས་འདས་པ་མཚོན་གྱི་ཡོད་པ་རེད།
  • 0:54 - 0:56
    ཆགས་བཞག་ན། “Today i walk”དེ་རིང་ང་ལམ་ལ་བགྲོད།“Yesterday I walked”ཁ་སང་ང་ལམ་ལ་ཕྱིན།
  • 0:56 - 0:57
    བྱ་ཚིག་ལ་ཤས་ཀྱི་གཟུགས་འགྱུར་བ་ལ་ཆོས་ཉིད་མེད་པ་ཡིན།
  • 0:57 - 0:59
    དཔེར་ན། “Yesterday I thought”ཁ་སང་ངས་བསམས།
  • 0:59 - 1:00
    འདི་ལས་མཐོང་ཐུབ་པའི་སྣང་ཚུལ་མཚར་བོ་ཞིག་ནི།
  • 1:00 - 1:04
    AlfredདངJay-Zརྣམ་གཉིས་ཀྱི་བར་སྐབས་སུ་གཟུགས་འགྱུར་བའི་བྱ་ཚིག་དག་གཟུགས་མི་འགྱུར་བར་གྱུར་ཡོད།
  • 1:04 - 1:07
    དཔེར་ན། འདིར་བཀོད་ཡོད་པའི་་"to wed"༼གཉེན་བསྒྲིག༽་ལྟ་བུ་གཟུགས་མི་འགྱུར་བར་གྱུར་ཡོད།
  • 1:07 - 1:11
    དེ་བསErezདང་ངེད་གཉིས་ཀྱིས་དུས་རབས12རིང་གི་ཨིན་སྐད་ནང་གི་
  • 1:11 - 1:13
    གཟུཊ་འགྱུར་བྱ་ཚིག100ལྷག་གི་འགྱུར་བར་ཉམས་ཞིབ་བྱས་པ་ཡིན།
  • 1:13 - 1:16
    ངེད་གཉིས་ཀྱིས་འགྱུར་བ་དེ་དག་གི་ཁྲོད་ཆེས་སྟབས་བདེ་བའི་གྲངས་རིག་གི་ཆོས་ཉིད་ཅིག་གིས་
  • 1:16 - 1:18
    ཆེས་རྙོག་འཛིང་གི་ལོ་རྒྱུས་ཀྱི་འགྱུར་བ་མངོན་ཡོད་པ་རྟོགས།
  • 1:18 - 1:22
    ཆོས་ཉིད་དེ་ནི། བྱ་ཚིག་ཅིག་བྱ་ཚིག་གཞན་ལས་ལྡབ100ཡིས་སྤྱོད་སྒོ་ཆེ་ན།
  • 1:22 - 1:25
    དེ་ཉིད་གཟུགས་མི་འགྱུར་བའི་བྱ་ཚིག་ཏུ་འགྱུར་བའི་འགྲོས་ལྡབ10ཡིས་ཇེ་དལ་དུ་འགྲོ
  • 1:25 - 1:29
    དེ་ནི་ལོ་རྒྱུས་ཀྱི་དོན་དག་ཞིག་རེད། འོན་ཀྱང་གྲངས་རིག་གི་རྣམ་པ་ལྟར་མངོན་འོངས།
  • 1:29 - 1:32
    སྐབས་ལ་ལར། གྲངས་རིག་གིས་གནད་ཅིག་འགྲེལ་བཤད་ལ་ལྷག་པར་རོགས་རམ་ཐུབ།
  • 1:32 - 1:35
    ཡང་ན། ལོ་རྒྱུས་ཀྱི་སྒུལ་ཤུགས་ཤིག་ལ་སྔར་བས་གསལ་བཤད་རྒྱག་ཐུབ།
  • 1:35 - 1:37
    དེ་བས་Steve Pinkerདང་ངེད་གཉིས་ཀྱིས་
  • 1:37 - 1:41
    འདས་ཟིན་པའི་དུས་རབས་གཉིས་རིང་གི་དམག་འཁྲུག་གི་ཡ་ང་བའི་ཚད་ལ་བསམ་གཞིགས་བྱས་པ་ཡིན།
  • 1:41 - 1:43
    དོན་དངོས་སུ། དེ་ལའང་ཚང་མས་ཤེས་པའི་ཆོས་ཉིད་ཅིག་ཡོད།
  • 1:43 - 1:47
    དེ་ནི་བསད་རྨས་ཐེབས་པ་ལྡབ་100ཡིས་མང་བའི་དམག་འཁྲུག་དེ་
  • 1:47 - 1:49
    བསད་རྨས་ཐེབས་པ་དེ་ལས་ཉུང་བའི་དམག་འཁྲུག་ལས་བཅུ་ཆ་གཅིག་རེད།
  • 1:49 - 1:52
    དེས་ན་༼ཨ་རབ་དང་ཨི་སི་རེལ་གྱི་ཉིན་དྲུག་གི་དམག་འཁྲུག༽ཁྲོད་བསད་རྨས་ཐེབས་པའི་གྲངས་་དེ་དམག་འཁྲུག་གཞན་30དང་འདྲ་བོ་ཡོད།
  • 1:52 - 1:55
    འོན་ཀྱང་བསད་རྨས་ཐེབས་པ་ལྡབ100ལས་མང་བའི་དམག་འཁྲུག་ཐེངས་བཞི་མ་གཏོགས་བྱུང་མྱོང་མེད།
  • 1:55 - 1:57
    དཔེར་ན། འཛམ་གླིང་འཁྲུག་ཆེན་དང་པོ་རེད།
  • 1:57 - 2:00
    འཁྲུག་ཆེན་འདི་དག་གནས་ཚུལ་ཇི་འདྲ་ཞིག་ལ་རྐྱེན་བྱས་ནས་བྱུང་བ་ཡིན་ནམ།
  • 2:00 - 2:02
    དེའི་གདོད་མའི་འབྱུང་རྐྱེན་དེ་ཅི་ཞིག་རེད།
  • 2:02 - 2:04
    གྲོགསSteveདང་ངེད་གཉིས་ནས་གྲངས་རིག་གི་དབྱེ་ཞིབ་བྱས་པ་བརྒྱུད།
  • 2:04 - 2:08
    དོན་དམ་པར་དེ་དག་བྱུང་བར་ཆེས་སླ་བའི་སྣང་ཚུལ་ཞིག་གིས་རྐྱེན་བྱས་འདུག་ཏེ།
  • 2:08 - 2:10
    སྣང་ཚུལ་དེ་ནི་ང་ཚོའི་བསམ་པར་རག་ལས་འདུག
  • 2:10 - 2:12
    འདི་ནི་ཀུན་གྱིས་ཤེས་པའི་ཁྱད་ཆོས་ཤིག་རེད།
  • 2:12 - 2:15
    གྲངས་འབོར་དག་ནི་ལྟོས་བཅས་སུ་གྲུབ་པ་སྟེ།
  • 2:15 - 2:19
    འོད་ཀྱི་བཀྲག་ཚད་དང་སྒྲ་ཡི་མཐོ་དམའ་ལྟར་ལྟོས་བཅས་རེད།
  • 2:19 - 2:24
    དཔེར་ན། དམག་མི་ཁྲི་གཅིག་གཡུལ་འཁྲུག་ཞིག་ཏུ་གཏོང་བ་ནི་ཤིན་ཏུ་མང་བར་བསམ།
  • 2:24 - 2:27
    ལྷག་པར་ཐེངས་སྔོན་མར་དམག་མི་སྟོང་གཅིག་ལས་མངགས་མེད་པ་ཡིན་ན།
  • 2:27 - 2:29
    འོན་ཀྱང་། གྲངས་འབོར་དེ་ཡང་མང་པོ་ཞིག་ཏུ་སྙམ་པར་མི་བྱེད་པར།
  • 2:29 - 2:32
    དེས་མི་འདང་བ་དང་འགྱུར་བ་ཞིག་ཐོན་མི་སྲིད་པར་སྙམ་སྲིད།
  • 2:32 - 2:35
    གལ་ཏེ། དམག་མི་ཁྲི་བཅུ་སྔོན་མ་ནས་གཡུལ་སར་མངགས་ཡོད་པ་ཡིན་ན།
  • 2:35 - 2:39
    ལྟོས་དང་། ང་ཚོས་གྲངས་འབོར་མཚུངས་པ་ཞིག་ལ་བལྟ་སྟངས་འདྲ་ཡི་མི་འདུག
  • 2:39 - 2:41
    གཡུལ་འཁྲུག་རྒྱུན་བསྐྱངས་པ་དང་དུས་མཚུངས་སུ་
  • 2:41 - 2:44
    དམག་མི་གཡུལ་ལ་ཞུགས་པ་དང་ཤི་རྨས་ཐེབས་གྲངས་དེ་
  • 2:44 - 2:45
    དལ་འགྲོས་ཀྱིས་ཇེ་མཐོར་འགྲོ་བ་མིན་པར།
  • 2:45 - 2:47
    དཔེར་ན། 10000ནས11000དང་། དེ་ནས12000ལྟར་འགྲོ་བ་མིན་པར།
  • 2:47 - 2:52
    མྱུར་འགྲོས་ཀྱིས10000ནས20000དང་། དེ་ནས་ཡང་40000ལྟར་སྟོད་པར་བྱེད།
  • 2:52 - 2:55
    འདིས་ཏག་ཏག་ང་ཚོས་ད་སྔོན་མཐོང་བའི་ཆོས་ཉིད་དེ་འགྲེལ་བཤད་བྱས་ཡོད།
  • 2:55 - 3:00
    དེས་ན་གྲངས་རིག་གིས་སྒེར་གྱི་རང་རིག་གི་ཁྱད་ཆོས་ཀུན་གྱིས་རྟོགས་པ་གང་དེ་
  • 3:00 - 3:03
    རྒྱུན་རིང་བའི་ལོ་རྒྱུས་ཀྱི་ཆོས་ཉིད་
  • 3:03 - 3:06
    དུས་རབས་འགའ་དང་གླིང་ཆེན་དག་གི་ཁྲོད་མ་ཤེས་པ་གང་ཞིག་དང་སྦྲེལ་བར་བྱེད།
  • 3:06 - 3:10
    མིག་སྔར། དཔེར་བརྗོད་འདི་དག་ལས་མེད་ན་ཡང་།(གྲངས་རྩིས་ཀྱི་ལོ་རྒྱུས་འགྲེལ་བའི)
  • 3:10 - 3:13
    ཁོ་བོས་བསམ་ན། མ་འོངས་པའི་བགྲང་བྱ་བཅུ་ལྷག་རིང་འདི་དག་འཐུས་ཚང་བར་འགྱུར་ངེས།
  • 3:13 - 3:15
    འདིའི་རྒྱུ་མཚན་ནི། ལོ་རྒྱུས་ཀྱི་བྱུང་བ་བཀོད་པ་དག་
  • 3:15 - 3:18
    ད་ནི་ཆེས་མྱུར་མོས་ངང་གྲངས་རྩིས་ཅན་ཏུ་འགྱུར་གྱིན་ཡོད།
  • 3:18 - 3:20
    སྔ་མོ་དཔལ་ཡོན་དར་བ་ནས་བཟུང་སྟེ་ཡི་གེ་བྲིས་པ་ལ་
  • 3:20 - 3:23
    ད་ལྟ་མིའི་རིགས་ཀྱིས་དེབ་ཐེར་དུང་ཕྱུར་13ཙམ་ཞིག་བྲིས་ཚར་ཡོད་ཅིང་།
  • 3:23 - 3:25
    དེ་ལས་མང་པོ་ཞིགGoogleལྟ་བུའི་བཟོ་གྲྭས་གྲངས་རྩིས་ཅན་ཏུ་བསྒྱུར་ཚར་ཡོད་པ་ལྟ་བུ་རེད།
  • 3:25 - 3:27
    ཧ་ལམ་དུང་ཕྱུར2ཙམ་བསྒྱུར་ཚར་ཡོད་པ་རེད།
  • 3:27 - 3:30
    དེས་ན་ལོ་རྒྱུས་ཀྱི་བྱུང་བ་མཐའ་དག་གྲངས་རྩིས་ཀྱི་རྣམ་པས་བཀོད་ཚར་ཡོད་དུས་སུ།
  • 3:30 - 3:32
    གྲངས་རིག་གིས་དབྱེ་ཞིབ་བྱེད་པར་མཐུན་རྐྱེན་བཟོས་ཡོད་པ་ཡིན།
  • 3:32 - 3:35
    ཆེས་མྱུར་མོ་དང་སྟབས་བདེ་མོས་ངང་
  • 3:35 - 3:38
    ང་ཚོའི་ལོ་རྒྱུས་དང་རིག་གནས་ཁྲོད་ཀྱི་འཕེལ་རིམ་ལ་བལྟས་ཆོག་པ་ཡིན།
  • 3:38 - 3:40
    དེ་བས་ཁོ་བོའི་བསམ་པར། མ་འོངས་པའི་ལོ་བཅུ་ལྷག་གི་ནང་།
  • 3:40 - 3:43
    ཚན་རིག་དང་མིའི་རིགས་སྔར་བས་དམ་ཟབ་ཏུ་ཕྱིན་ཏེ།
  • 3:43 - 3:46
    འགྲོ་བ་མིའི་སྐོར་གྱི་ཟབ་ཅིང་དཀའ་བའི་དྲི་བ་དག་ལ་ལན་གདབ་ཐུབ་པར་བསམ་ཞིང་
  • 3:46 - 3:51
    དེ་ལྟར་འགྲེལ་རྒྱག་པར་ཨང་རྩིས་ནི་ཆེས་ཤིན་ཏུ་ནུས་པ་ལྡན་པའི་སྐད་རིགས་ཤིག་རེད་འདོད།
  • 3:51 - 3:54
    དེས་ང་ཚོའི་ལོ་རྒྱུས་ཁྲོད་ཀྱི་འཕེལ་རིམ་གསར་བ་སྟོན་པར་བྱེད་སྲིད་ལ།
  • 3:54 - 3:55
    ལན་རེར་དེ་དག་ལ་འགྲེལ་བཤད་དང་།
  • 3:55 - 3:59
    ཐ་ན་མ་འོངས་པར་ཅི་ཞིག་འབྱུང་སྲིད་པའི་སྔོན་དཔག་ཀྱང་བྱེད་ཐུབ་སྲིད།
  • 3:59 - 4:00
    ཐུགས་རྗེ་ཆེ།།
  • 4:00 - 4:04
    ༼ཐལ་མོ་རྡེབ་སྒྲ༽
Title:
ཅེན་རྦེབ་ཕི་ཊིས་སི་ཊིས་མེ་ཁིལ།ལོ་རྒྱས་ཀྱི་གྲངས་རིག
Speaker:
Jean-Baptiste Michel
Description:

གྲངས་རིག་གིས་ལོ་རྒྱུས་ཀྱི་སྐོར་ཅི་ཞིག་བཤད་ཐུབ་ཀྱི་རེད།ཊེ་ཌིའི་དམིགས་བསལ་སློབ་གཉེར་བ་ཅེན་ལ་མཚོན་ན་གྲངས་རིག་གིས་ལོ་རྒྱུས་སྐོར་མང་པོ་ཞིག་བརྗོད་ཐུབ་ཀྱི་འདུག།གྲངས་རིག་གིས་སྐད་ཡིག་གི་འགྱུར་ལྡོག་ནས།དམག་འཁྲུག་གི་དབར་གྱི་གནད་དོན་མང་དག་ཅིག་བཤད་ཐུབ་ཀྱི་ཡོད།ཨང་གྲངས་ཀྱིས་བསྟན་པའི་ལོ་རྒྱུས་ཀྱིས་ལོ་རྒྱུས་ཀྱི་གཏིང་རིམ་ཇི་ལྟར་ཕྱི་ལ་མངོན་གྱི་ཡོད་མེད་གསལ་བོར་བསྟན་ཡོད།

more » « less
Video Language:
English
Team:
closed TED
Project:
TEDTalks
Duration:
04:26
Dimitra Papageorgiou approved Tibetan subtitles for The mathematics of history
Dimitra Papageorgiou edited Tibetan subtitles for The mathematics of history
Choegyal kyab accepted Tibetan subtitles for The mathematics of history
Choegyal kyab edited Tibetan subtitles for The mathematics of history
Dimitra Papageorgiou approved Tibetan subtitles for The mathematics of history
Dimitra Papageorgiou rejected Tibetan subtitles for The mathematics of history
Dimitra Papageorgiou commented on Tibetan subtitles for The mathematics of history
Choegyal kyab accepted Tibetan subtitles for The mathematics of history
Show all

Tibetan subtitles

Revisions