འཐེན་བརྩིའི་རྨང་གཞིའི་སྐོར་ལ་གཟུགས་མཐོང་བརྙན་པར་ལྟ་བར་ཡོང་བ་དགའ་བསུ་ཡོད།
སྔོན་ལ་ཏོག་ཙི་སྡོམ་བརྩིའི་རྨང་གཞིའི་སྐོར་ལ་བསྐྱར་ཞིབ་བྱེད་དགོས།
འདིའི་དོན་དག་ག་རེ་རེད། གལ་ཏེ་ངས་་༤ དང་ ༣ སྡོམ་ན་ལབ་པ་ན།
དེ་ག་རེ་དང་གཅིག་མཚུངས་རེད།
ཐབས་ཤེས་ཁ་ཤས་ཡོད་པ་དེ་ང་ཚོས་འདི་ལ་དཔྱད་ཞིབ་བྱས་ཐུབ་པ་ཡོད།
ང་ལ་༤ བྱས་པ་ཅིག་ཡོད་ཅེས་ང་ཚོས་ལབ་ཐུབ་པ་ཡོད།
དེ་དུས་ང་ལ་སྒོར་ཐིག་ ༤ ཡོད་ཅེས་ལབ་པ་ཡང་ན་ང་ལ་ག་ཚད་ཡོད་པ་ཧ་གི་བགྱི་མེད།
ལེ་མོན་ ༤ ཞོགས་ཇའི་ཆེད་དུ།
ལེ་མོན་ ༡ ༢ ༣ ༤ ཞོགས་ཇའི་ཆེད་དུ།
ལེ་མོན་གཞན་དག་ ༣ ཉིན་གུང་གི་ཁ་ལག་ཆེད་དུ་ཟས་པ་ཆ་བཞག།།
འདིར་ ༡ ༢ ༣ ཨ་ནི་ཁྱེད་རང་གིས་ ༤ དང ༣ སྡོམ་ན་ག་ཚད་ཟས་ཡིན་པའི་
ཁྱོན་སྡོམ་དཔྱད་པ་བྱེད་ཐུབ་ཀྱི་རེད།
ངས་ ༣ དང་ ༤ སྡོམ་གྱི་ཡོད།
ད་ཁྱོན་སྡོམ་ངས་ག་ཚད་ཟས་འདུག།།
དེ་ ༡ ༢ ༣ ༤ ༥ ༦ ༧ རེད།
སོང་ཙང་ངས་ཁྱོན་སྡོམ་ལེ་མོན་ ༧ ཟས་བཞག །
ཐབས་ཤེས་གཞན་ང་ཚོས་ཨང་ཐིག་བྲིས་པའི་སྒོ་ནས་
དཔྱད་པ་བྱས་ཐུབ་པ་ཡོད།
ཚོན་མདོག་སེར་པོས་བྲིས་ཀྱི་ཡིན། ག་རེ་བྱས་ནས་ཟེར་ན་་་་་་
ཨོ། ཞེང་ཁ་འདང་ངེས་མིན་འདུག།།
ང་ཚོས་ལེ་མོན་གྱི་སྐོར་ལ་སྐད་ཆ་བཤད་ཀྱི་ཡོད་ཙང་ངས་ཚོན་མདོག་སེར་པོས་བྲིས་ཀྱི་ཡོད།
དེ་ཨང་ཐིག་ཡིན་པ་ཆ་བཞག།།
གལ་ཏེ་ངས་ཨང་ཀི་ནས་འགོ་འཛུགས་ན་་་་་་་་་་་་ ཨང་ཀི་ཚང་མ་བྲིས་ཆོག་པ་ཅིག།།
༠ ༡ ༢ ༣ ༤ ༥ ༦ ༧
ང་ཚོ་ཨང་ཐིག་སྒང་ལ་ཡོད་པ་
ཁྱེད་རང་གིས་བསམ་བློ་བཏང་ན་འགྲིགས་ཀྱི་རེད།
ང་ཚོ་ཨང་ཀི་ ༤ ནས་འགོ་འཛུགས་ཀྱི་ཡོད།
དེ་ཨང་ཀི་ ༤ འདི་རེད།
ཨ་ནི། འདི་ལ་ ༣ སྣོན་གྱི་ཡོད།
ཨང་ཀི་ ༣ གྱིས་ཨང་ཐིག་མཉམ་དུ་མང་དུ་གཏོང་གི་ཡོད།
ང་ཚོ་ ༡, ༢, ༣ འདི་འདྲས་བྱས་ནས་འགྲོ། ཨ་ནི། ཨང་ཀི་ ༧ ལ་རྫོགས་ཀྱི་རེད།
ང་ལ་ ༤ ཡོད་པ་བྱས། ཨ་ནི། ཡང་སྐྱར་ང་ལ་ ༣ རག་ན། ང་ལ་ ༧ ཐོབ་ཀྱི་རེད།
ཡང་ན་གལ་ཏེ་ངས་ ༤ ལ་ ༣ གྱིས་མང་དུ་བཏང་ན། ཡང་ང་ལ་ ༧ ཐོབ་ཀྱི་རེད།
བྱས་ན་འཐེན་བརྩི་ཟེར་ན་ག་རེ་རེད།
གང་ཡིན་ཟེར་ན་གཟུགས་མཐོང་བརྙན་པར་འདི་དེ་གའི་སྐོར་ཡིན་པ་དེ་རེད།
ང་ཚོའི་དུས་ཚོད་དེ་ངའི་སྡོམ་བརྩིའི་ཐོག་ལ་འཕྲོས་ལག་མ་བཏང་ན་ཏག་ཏག་ཡིན།
༤ ནས་ ༣ འཐེན་པའི་དཔེ་དེ་བེད་སྤྱོད་བྱེད་དགོས།
དེ་ག་རེ་དང་གཅིག་མཚུངས་རེད།
དོན་སྣང་སླེབ་ཡག་ཆེད་དུ་ཚོན་མདོག་གཞན་པ་བེད་སྤྱོད་བྱེད་ཆོག་པ་ཅིག།།
༤ ནས་ ༣ འཐེན་པ་ག་རེ་དང་གཅིག་མཚུངས་རེད།
འཐེན་རྩིས་ནི་སྡོམ་རྩིས་དང་ལྡོག་ཕྱོགས་རེད།
སྡོམ་རྩིས་སྐབས་ཁྱེད་རང་གིས་གྲངས་མང་དུ་གཏོང་ཡག་དང་ཁ་སྣོན་རྒྱབ་ཀྱི་ཡོད་རེད།
སྡོམ་རྩིས་འགྲེལ་བཤད་བྱེད་པ་ལ་ཁ་སྣོན་ཞེས་པའི་ཚིག་བེད་སྤྱོད་བྱེད་འདོད་མི་འདུག་སྟེ་
ཁྱེད་རང་གིས་ག་རེ་བྱེད་པ་དེ་ད་ག་རང་རེད།
ངས་ ལེ་མོན་ ༤ ཟས་པ་དང་རྗེས་ལ་ཡང་ལེ་མོན་ ༣ ཟས་པ་བྱས།
འཐེན་རྩིས་སྐབས་ལ་ཁྱེད་རང་གིས་གྲངས་ཕར་ལེན་གྱི་ཡོད་རེད།
དཔེ་འདི་གཞིར་བཞག་གིས་ལེ་མོན་ ༤ མཉམ་དུ་འགོ་འཛུགས་ཀྱི་ཡིན།
དཔེར་ན་ང་ལ་ཐ་པར་སྒང་ལ་ལེ་མོན་ ༤ ཡོད་པ་བྱས།
༣ སྣོན་བྱས་ ༧ ཐོབ་པའི་ཚབ་ལ། གལ་ཏེ་ངས་ ༣ འཐེན་གྱི་ཡོད་ན།
ངས་ ༣ ཕར་ལེན་གྱི་ཡོད།
ཡང་ན་ངས་དེ་ཚོ་ཟ་བགྱི་ཡོད། ཡང་ན་ངས་གཟུགས་མཐོང་བརྙན་པར་ལྟ་བར་
བརྗེ་ལེན་གྱི་ཚབ་དུ་ཁྱེད་རང་ལ་དེ་ཚོ་སྤྲོད་ཀྱི་ཡོད།
༤ འདི་ནས་ ༣ ཕར་ལེན། དཔེར་ན་འདི་ཕར་འགྲོ་བ་ཆ་བཞག།།
འདི་ཕར་འགྲོ་བ་ཆ་བཞག།། ཨ་ནི། འདི་ཕར་འགྲོ་བ་ཆ་བཞག།།
ང་ཚོ་ལ་ལིམ་བུ་ག་ཚད་ལྷག་ཡོད་རེད།
གསལ་པོ་ཅིག་ལ། ཀུར་རྟགས་མ་རྒྱབ་པ་གཅིག་པོ་དེ་རེད།
སོང་ཙང་ང་ཚོ་ལ་ལིམ་བུ་ ༡ ལྷག་ཡོད།
གང་ལྷག་པའི་ལིམ་བུ་ནི་འདི་རེད།
ངེས་པར་དུ་དེ་ཡིན་དགོས་ཡག་མ་རེད།
ངས་ ༣ ནང་ནས་གང་རུང་ལ་ཀུར་རྟགས་རྒྱབ་ཐུབ་པ་ཡོད།
དེ་ཐབས་ཤེས་གཞན་གྱིས་ཐོག་ནས་དཔྱད་ཞིབ་བྱེད་པ་ནི། ལིམ་བུའི་ཚོན་མདོག་ཡིན་པའི་
ཨང་ཐིག་བྲིས།
འདི་ཨང་ཐིག་ཡིན་པ་ཆ་བཞག།།
ངས་ཨང་ཀི་གཅིག་པ་ཚང་མ་བྲིས་ཀྱི་ཡིན།
དེ་ཚོ་ ༡ ༢ ༣ ༤ ༥ ༦ ༧ རེད།
ཨང་ཐིག་ལ་མཐའ་མེད་པ་ཡིན་ཐག་ཆོད་རེད།
དེར་ཨང་ཀི་ཆེ་ཤོས་ཡོད་མ་རེད།
ཨ་ནི། ཁྱེད་རང་གིས་ཨང་ཀི་ག་རེ་ཡིན་ནའང་སེམས་འཆར་བ་བྱེད་ཐུབ།
ངས་ཨང་ཀི་དེ་ལས་ཆེ་བ་བསམ་བློ་གཏོང་ཐུབ་ཀྱི་ཡོད།
སོང་ཙང་དེར་ཨང་ཀི་ཆེ་ཤོས་ཡོད་མ་རེེད།
རྒྱུ་མཚན་དེའི་ཕྱིར་དེར་ང་ཚོས་མདའ་རྟགས་དེ་བྲིས་ཀྱི་ཡོད།
ངས་ནམ་ཡང་ཨང་ཐིག་ཡོངས་རྫོགས་བྲིས་མི་ཐུབ།
གང་ལྟར་ཡང་ང་ཚོ་འཐེན་རྩིས་སྐོར་ལ་འགྲོ།
ལིམ་བུ་ ༤ ནས་འགོ་འཛུགས་ཀྱི་ཡོད། རེད་བ།
ང་ཚོས་ ༣ སྣོན་དུས། ང་ཚོ་ཨང་ཐིག་སྒང་ལ་གཡས་ཕྱོགས་ཀྱི་
སྟོང་ཆ་ ༤ ལ་ཕྱིན་པ་ཡིན།
རྒྱུ་མཚན་ག་རེ་བྱས་ནས་ཟེར་ན། གཡས་ཕྱོགས་ནི་ཡ་ཕར་བའི་རིན་ཐང་ཡིན།
སོང་ཙང་ང་ཚོ་ ༤ ནས་ ༥ ལ་ཕྱིན་པ་ཡིན།
དེ་གཅིག་གིས་མང་ང་རེད།
༥ ནས་ ༦ གཉིས་ཀྱིས་མང་ང་དང་ ༧ གསུམ་གྱི་མང་ང་ཡིན།
ད་ང་ཚོས་ ༤ ནས་ཕར་ལེན་གྱི་ཡོད།
ང་ཚོ་ག་རེ་བྱེད་དགོས་ཀྱི་རེད།
ང་ཚོས་བྱེད་དུས་ཁྱེད་རང་ག་རེ་བསམ་བློ་གཏོང་འདོད་ཡོད།
དེ་ལྟར་ང་ཚོས་ཕར་ལེན་གྱི་ཡོད་ཙང་ང་ཚོ་ལ་ཡོད་པའི་ལིམ་བུའི་མང་ཚད་
ཉུང་དུ་གཏོང་གི་ཡོད།
གཅིག་ལེན། ད་ང་ཚོ་ ༣ ལ་སླེབས་ཀྱི་རེད།
གཉིས་ལེན། ༢ ལ་སླེབས་ཀྱི་རེད།
གསུམ་ལེན། ང་ཚོས་གསུམ་ལེན་པ་ཡིན། རེད་བ།
ང་ཚོ་ཨང་ཐིག་དང་མཉམ་དུ་རྒྱབ་ཤིག་བརྒྱག་གི་ཡིན། ༡ ༢ ༣
ཨ་ནི། ང་ཚོ་ ༡ ལ་ཐུག་གི་རེད།
ཨ་ནི། ༡ དེ་འདིར་ཡོད་རེད།
བསྐྱར་ཞིབ་བྱེད་ཡག་ལ། སྡོམ་རྩིས་ཟེར་ན་ཁྱེད་རང་གིས་མང་ང་གང་ཞིག་ཅི་བྱེད་ཀྱི་ཡོད་རེད།
འཐེན་རྩིས་ཟེར་ན་ཁྱེད་རང་གིས་ཕར་ལེན་གྱི་ཡོད་པ་རེད།
གལ་ཏེ་ཁྱེད་རང་གིས་འདི་ཨང་ཐིག་སྒང་ལ་བསམ་བློ་གཏོང་གི་ཡོད་ན། སྡོམ་རྩིས་ནི་
གྲངས་འབོར་དེ་ཨང་ཐིག་མཉམ་དུ་འཕེལ་རྒྱས་གཏོང་གི་ཡོད་རེད།
དེར་བརྟེན་གནད་དོན་འདི་འདྲ་ཡིན་ན་ང་ཚོས་ཨང་ཐིག་མཉམ་དུ་ ༣ གྱིས་འཕེལ་རྒྱས་གཏོང་གི་ཡོད།
སོང་ཙང་ ༤ ནས་ ༧ ལ་ཕྱིན་པ་ཡིན།
འཐེན་རྩིས་ཀྱི་གནད་དོན་ཡིན་ན་ང་ཚོས་ཨང་ཐིག་སྒང་ལ་
རྒྱབ་ཤིག་རྒྱབ་བྱས་ཉུང་དུ་གཏོང་གི་ཡོད།
དེར་བརྟེན་ང་ཚོས་གྲངས་འབོར་གྱིས་ཉུང་དུ་བཏང་བ་ན་ཁྱེད་རང་གིས་མར་འཐེན་གྱི་ཡོད་རེད།
གནད་དོན་འདི་འདྲས་སྐབས་ ༣ གྱིས་ཉུང་དུ་བཏང་པ་ཡིན།
ང་ཚོས་ ༡ ༢ ༣ བྱས་རྒྱབ་ཤིག་བརྒྱབས་པ་ཡིན། ཨ་ནི། ང་ཚོ་ལ་ ༡ ལྷག་པ་རེད།
ཕྱོགས་གཞན་ནས་ལྟ་ཚུལ། ང་ལ་ ༤ བྱས་པ་ཅིག་ཡོད་པ་བྱས།
ངས་ ༣ ཕར་སྤྲོད་པ་ཡང་ན་ངས་ ༣ ཟས་པ་ཡང་ན་
ག་རེ་ཡིན་ནའང་ ༣ དང་གང་ཞིག་ཅིག་བྱས་པ།
དཔེར་ན་ འདི་ཚོའི་ནང་ནས་ ༣ བརླགས་པ་ན། ང་ལ་ ༡ ལྷག་གི་ཡོད།
ད་ངས་ཁྱེད་རང་ལ་འཐེན་རྩིས་སྐོར་ལ་སེམས་ལ་འཐད་པོ་ཡོད་པ་ཅིག་
སྟོན་ཆོག་པ་ཅིག
ང་ཚོའི་ཤེས་པ་ལ་ ༤ ནས་ ༣ འཐེན་པ་ནི་ ༡ དང་གཅིག་མཚུངས་རེད།
སེམས་ལ་འཐད་པོ་ཡོད་པ་གཞན་ཅིག་ཁྱེད་རང་ལ་སྟོན་གྱི་ཡིན།
༤ ནས་ ༡ འཐེན་ན་ག་རེ་རེད།
ང་ཚོས་དཔེ་གང་རུང་ཅིག་བེད་སྤྱོད་བྱེད་ཐུབ་ཀྱི་རེད།
ལིམ་བུའི་དཔེ་བེད་སྤྱོད་བྱེད་དགོས།
ཏོག་ཙི་སྒུག། ཀུ་ཤུའི་དཔེ་བེད་སྤྱོད་བྱེད་དགོས། ལིམ་བུའི་དཔེ་བེད་སྤྱོད་བྱེད་ཡག་ཉོབ་ཀྱི་འདུག།
དཔེར་ན་ང་ལ་ ༡ ༢ ༣ ༤ ཡོད་པ་བྱས།
ང་ལ་སྙུ་གུ་གསར་པ་ཡོད། སྐབས་རེ་འདིས་ཏག་ཏག་འབྲི་བགྱི་མ་རེད།
ང་ལ་ཀུ་ཤུ་ ༤ ཡོད་པ་བྱས།
འདི་ང་ཚོས་འབྲེལ་བ་བྱེད་པའི་དཔེ་དེ་ཡིན།
འདིའི་ནང་ནས་ངས་གཅིག་ཟས་པ་བྱས།
སོང་ཙང་འདིའི་ནང་ནས་གཅིག་ཕར་ཕྱིན་པ་ཡིན།
ང་ལ་ཀུ་ཤུ་ག་ཚད་ལྷག་གི་རེད།
༣ ལྷག་གི་རེད། ༡ ༢ ༣
དེར་བརྟེན་ ༤ ནས་ ༡ འཐེན་ན་ ༣ དང་གཅིག་མཚུངས་ཡིན།
གལ་ཏེ་ང་ཚོས་ཨང་ཐིག་སྒང་ལ་བྱས་པ་དང་ ༤ ནས་འགོ་འཛུགས་པ་ཡིན་པ་དང་
༡ འཐེན་པ་་་་་ཡང་ན་ང་ཚོས་ ༡ ཕར་ལེན་པ་ན།
ང་ཚོ་ཉུང་དུ་འགྲོ་བགྱི་རེད།
ང་ཚོ་གཅིག་རྒྱབ་ལ་འགྲོ་བས། ང་ཚོ་ལ་ ༣ ཐོབ་ཀྱི་རེད།
ཕྱོགས་གཉིས་ཀ་ནས་གྲུབ་འབྲས་ཐོན་གྱི་རེད།
འདི་བློ་ལ་འཐད་པོ་མི་འདུག་གས།
༤ ནས་ ༣ འཐེན་ན་ ༡ དང་གཅིག་མཚུངས་རེད། ཨ་ནི། ༤ ནས་ ༡ འཐེན་ན་ ༣ དང་གཅིག་མཚངས་རེད།
གྲུབ་འབྲས་ཐོན་པར་ངས་སྒོར་ཐིག་གི་ཚབ་ལ་ཨང་ཀི་ལེན་པ་རེད་པས་ཞེས་ཁྱེད་རང་གིས་ལབ་མདོག་ཁ་པོ་རེད།
འདི་གང་ལྟར་ཀྱང་འདི་འདྲས་ཆགས་པར་རྒྱུན་དུ་བདེན་པ་རེད
དེར་བརྟེན་ང་མགོ་རྙོག་དཀྱིས་ལ་འཛུལ་འདོད་མི་འདུག།། ཡིན་ནའང་ང་ཚོས་རྗེས་ལ་སྦྱོང་པའི་གནས་དོན་ལ་ད་ལྟ་ནས་
ལག་པ་ཆང་གི་ཡོད། གཅིག་བྱས་ན་
ཉིན་མ་གཅིག་གྲངས་ཚབ་རྩིས་རིག་ནང་ལ།
ཡིན་ན་ཡང་དངོས་འབྲེལ་བྱས་ན་ད་ལྟ་ང་དེ་ཚོའི་ནང་ལ་འགྲོ་འདོད་མི་འདུག།།
སོང་ཙང་འདི་ག་ནས་ཡོང་གི་ཡོད་རེད།
གཞི་རྩ་དེ་ ༣ དང་ ༡ སྡོམ་པ་ལ་ཐུག་གི་ཡོད་རེད།
ངས་ཁྱེད་རང་ལ་མགོ་ཐོམ་བཅུག་འདོད་མི་འདུག།།
དེར་བརྟེན་ངས་གལ་སྲིད་བྱས་ཡོད་ན་དགོངས་དག་ཞུ་བགྱི་ཡིན།
ཡིན་ན་ཡང་ངས་ཁྱེད་རང་ལ་བསམ་བློ་འཐད་པོ་ཡོད་པ་གཞན་པ་ཅིག་སྟོན་གྱི་ཡིན།
༣ དང་ ༡ སྡོམ་ན་ག་རེ་རེད།
༣ དང་ ༡ སྡོམ་ན་ག་རེ་དང་གཅིག་མཚུངས་རེད།
ཤེས་གསལ་རེད། དེ་ལས་སླ་བོ་ཡོད་རེད།
དེ་ཁྱེད་རང་གིས་སྡོམ་རྩིས་ཀྱི་རྨང་གཞི་ནས་ཤེས་ཀྱི་ཡོད་རེད།
ཁྱེད་རང་གིས་ཨང་ཐིག་སྒང་ལ་ ༣ ནས་འགོ་འཛུགས་པ་དང་ ༡ སྣོན་པ་བྱེད།
མཐའ་མར་ཁྱེད་རང་ག་བར་ཐུག་གི་རེད།
ཁྱེད་རང་ ༤ ལ་ཐུག་གི་རེད།
༣ དང་ ༡ སྡོམ་ན་ ༤ དང་གཅིག་མཚུངས་རེད།
ཡང་ན་ཁྱེད་རང་གིས་ ༡ ནས་འགོ་འཛུགས་ཐུབ་པ་དང་ ༣ སྣོན་ཐུབ་པ་ཡོད།
༡ ༢ ༣ བྱས། ཨ་ནི་ཁྱེད་རང་ཡང་ ༤ ལ་སླེབས་པ་ཡོད།
ཁ་ཕྱོགས་གཉིས་ཀ་གང་ཡང་རུང་བ་བརྗེ་བོ་རྒྱབ་ཐུབ་ཀྱི་ཡོད་པ་ཁྱེད་རང་གིས་ཤེས་གསལ་རེད།
དེ་ཚོ་གཉིས་ཀ་ ༤ དང་གཅིག་མཚུངས་རེད།
ཁྱེད་རང་གིས་འདིར་ག་རེ་མཐོང་གི་འདུག།།
ཤེས་གསལ་རེད། འདིར་དངོས་པོ་ཆུན་པོ་ཅིག་བྲིས་ཡོད་པ་དང་དེ་ཚོ་ཚང་མ་
གཅིག་གིས་གཅིག་ལ་འབྲེལ་ཡོད་པ་ལྟ་བུ་རེད།
༡ དང་ ༣ སྡོམ་ན་ ༤ དང་གཅིག་མཚུངས་རེད།
༣ དང་ ༡ སྡོམ་ན་ ༤ དང་གཅིག་མཚུངས་རེད།
༤ ནས་ ༡ འཐེན་ན་ ༣ ཡིན་པ།
དོན་དག་རྡོག་རྡོག་ཞུ་ན། ༤ ནས་ ༡ འཐེན་པ་དང་ ༣ ཐོབ་པ་དང་གཅིག་པ་རེད།
དེ་བཞིན་༣ དང་ ༡ སྡོམ་ན་ ༤ དང་གཅིག་མཚུངས་ཡིན་པ་ཁྱེད་རང་གིས་གཅིག་པ་ལབ་ཀྱི་ཡོད་རེད།
འདིས་གལ་ཏེ་ངས་ ༣ ལ་ ༡ སྣོན་ན་ང་ལ་ ༤ ཐོབ་ཀྱི་རེད་ཅེས་ལབ་ཀྱི་ཡོད་རེད།
འདིས་གལ་ཏེ་ངས་ ༤ ནས་ ༡ ཕར་ལེན་ན་ ༣ ཐོབ་ཀྱི་རེད་ཅེས་ལབ་ཀྱི་ཡོད་རེད།
སོང་ཙང་གལ་སྲིད་ངས་ ༤ ནས་འགོ་འཛུགས་པ་དང་རྒྱབ་ཤིག་རྒྱབ་ན་ང་ལ་ ༣ ཐོབ་ཀྱི་རེད།
འདིས་གལ་ཏེ་ངས་ ༣ ནས་འགོ་འཛུགས་པ་དང་ ༡ གིས་སྤོས་ན་ང་ལ་ ༤ ཐོབ་ཀྱི་རེད།
རེ་བ་ལ་དེས་ཁྱེད་རང་ལ་འཐེན་རྩིས་ག་རེ་ཡིན་པའི་སྐོར་ལ་
གོ་རྟོགས་ཉུང་ཉུང་ཞིག་སྤྲོད་ཀྱི་རེད།
གཟུགས་མཐོང་བརྙན་པར་རྗེས་མ་ལ་ངས་འཐེན་རྩིས་ཀྱི་རྨང་གཞིའི་དྲི་བའི་གནས་
སྐར་མ་བཅུའི་ནང་ལ་གང་མང་བྱེད་ཐུབ་པ་བྱེད་ཀྱི་ཡིན།
དེ་ནས་ཁྱེད་རང་གིས་སྦྱོང་བརྡར་བྱེད་པ་ལ་གྲ་སྒྲོག་ཡོད་པ་ཆགས་ཀྱི་རེད།
རྗེས་ལ་མཇལ་ཡོང་།