རྨང་གཞིའི་སྡོམ་རྩིས་ཐོག་གི་བཤད་པ་ལ་དགའ་བསུ་ཡོད། ཁྱེད་རང་ག་རེ་བསམ་བློ་གཏོང་གི་ཡོད་པ་ངས་ཤེས་ཀྱི་ཡོད། "གྲོགས་པོ། ང་ལ་སྡོམ་རྩིས་ལས་སླ་བོ་ཡིན་པར་མངོན་གྱི་མི་འདུག།" ངས་དགོངས་དག་ཞུ་བགྱི་ཡོད། ངའི་རེ་བ་་་ངའི་་་ ངའི་རེ་བར་བཤད་པ་འདི་རྫོགས་པའི་མཚམས་ལ་ ཡང་ན་བདུན་ཁ་ཤས་ནང་ལ་འདི་ལས་སླ་བོ་ཡིན་པར་མངོན་གྱི་རེད། ད་དཔེ་ཁ་ཤས་ཅིག་མཉམ་དུ་ འགོ་འཛུགས་ཆོག་པ་ཅིག། དཔེ་རྙིང་པ་ཅིག་མཉམ་དུ་འགོ་འཛུགས་ཀྱི་ཡིན། 1གཅིག་དང་1གཅིག་སྡོམ་པ། ངའི་བསམ་པར་འདི་ག་འདྲས་སེ་བྱེད་དགོས་པ་འདི་ཁྱེད་རང་གིས་ཤེས་ཀྱི་ཡོད་ཀྱི་རེད། ཡིན་ན་ཡང་ངས་ཁྱེད་རང་ལ་འདི་འདྲས་བྱེད་སྟངས་ཁ་ཤས་ཤིག་སྟོན་དགོས། གལ་ཏེ་ཁྱེད་རང་གིས་འདི་བློ་ལ་འཛིན་མེད་པ། ཡང་ན་འདི་ལ་ཁྱེད་རང་བྱང་མི་ཆུབ་པ་བྱས། ཁྱེད་རང་གིས་ལབ་ཡག་ལ། ཡ་ཡ། གལ་ཏེ་ང་ལ་ གཅིག་ཡོད་ན། དཔེར་ན་དེ་ཨེ་ཝོ་ཀ་ཌོ་ཡིན་པར་ཆ་བཞག། ང་ལ་ཨེ་ཝོ་ཀ་ཌོ་1གཅིག་ཡོད་པ་བྱས། ཨ་ནི། ཁྱེད་རང་གིས་ང་ལ་ཨེ་ཝོ་ཀ་ཌོ་གཞན་པ་ཅིག་སྤྲས་པ་ཆ་བཞག། ད་ང་ལ་ཨེ་ཝོ་ཀ་ཌོ་ག་ཚད་ཡོད་རེད། ང་ལ་ཨེ་ཝོ་ཀ་ཌོ་1གཅིག་་་་་་་་་་2གཉིས་ཡོད་རེད། བྱས་ཙང་1གཅིག་སྒང་ལ་་+1གཅིག་སྡོམ་ན་2གཉིས་དང་གཅིག་མཚུངས་རེད། ད་ངས་ཁྱེད་རང་ག་རེ་བསམ་བློ་བཏང་གི་ཡོད་པ་ཧ་གོ་གི་ཡོད། "དཔེ་ལས་སླ་བོ་ཡིན་པ།" ད་ངས་ཁྱེད་རང་ལ་དྲི་བ་ཏོག་ཙམ་ཁག་པོ་ཅིག་སྤྲོས་ཆོག་པ་ཅིག། ང་ཨེ་ཝོ་ཀ་ཌོ་ལ་དགའ་པོ་ཡོད། ང་བརྗོད་གཞི་དེ་ལ་འབྱར་ནས་སྡོད་སྲིད་པ་རེད། 3གསུམ་དང་ + 4བཞི་སྡོམ་ན་ག་རེ་རེད། ངས་བྱས་ན་འདི་དྲི་བ་ཁག་ག་རེད། ཨ་ཝོ་ཀ་ཌོ་བེད་སྤྱོད་གཏོང་དགོས། གལ་ཏེ་ཁྱེད་རང་གིས་ཨ་ཝོ་ཀ་ཌོ་ག་རེ་ཡིན་པ་ཤེས་ཀྱི་མེད་ན། ཨ་ཝོ་ཀ་ཌོ་ནི་ཤིང་ཏོག་དཔེ་ཞིམ་པོ་ཡོད་རེད། འདི་ཤིང་ཏོག་རིགས་ནང་ནས་ཞག་ཚི་མང་ཤོས་ཅན་ཞིག་་རེད། ཕལ་ཆེར་ཁྱེད་རང་གིས་འདི་ཤིང་ཏོག་ཅིག་ཡིན་པ་ཤེས་ཡོད་ཀྱི་མ་རེད། ཐ་ན་ཁྱེད་རང་གིས་མཆོད་ཡོད་ནའང་། ད་ཁྱེད་རང་ལ་ཨེ་ཝོ་ཀ་ཌོ་3གསུམ་ཡོད་པ་ཆ་བཞག། 1,2,3. རེད་བ། 1,2,3. ཨ་ནི། ཁྱེད་རང་གིས་ང་ལ་ཡང་སྐྱར་ཨེ་ཝོ་ཀ་ཌོ་4བཞི་སྤྲས་པ་གཞིར་བཞག། 4 བཞི་འདི་སེར་པོ་འདིའི་ནང་ལ་བླུག་ཆོག་པ་ཅིག། སོང་ཙང་། འདི་ཚོ་ཁྱེད་རང་གིས་ང་ལ་གནང་བ་ཡིན་པ་ཁྱེད་རང་ཤེས་ཀྱི་རེད། 1 2 3 4 ད་ང་ལ་ཁྱོན་སྡོམ་ཨེ་ཝོ་ཀ་ཌོ་ག་ཚད་ཡོད་རེད། དེ་ཨེ་ཝོ་ཀ་ཌོ་1,2,3,4,5,6,7 རེད། སོང་ཙང་། 3གསུམ་དང་+4བཞི་སྡོམ་ན་7བདུན་དང་གཅིག་མཚུངས་རེད། འདིའི་སྐོར་བསམ་བློ་གཏོང་སྟངས་གཞན་པ་ཅིག། ཁྱེད་རང་ངོ་སྤྲོད་བྱེད་ཀྱི་ཡིན། འདི་ལ་ཐིག་ལབ་ཀྱི་རེད། དོན་དངོས་ལ། འདི་ངའི་བསམ་བློའི་ནང་ལ་བྱེད་སྟངས་ཞིག་རེད། ངས་བརྗེད་པའི་སྐབས་དང་གལ་སྲིད་ངས་བློ་ལ་མི་འཛིན་ན། ཨང་ཐིག་སྒང་ལ་ངས་ཨང་ཀི་ཚང་མ་རིམ་པ་བྱས་ནས་འབྲི། ཨང་ཀི་མཐོན་པོ་འདང་ངེས་བར་འགྲོ། ག་རེ་བྱས་ནས་ཟེར་ན། ངས་བེད་སྤྱོད་བྱེད་པའི་ཨང་ཀི་ཚང་མ་ཨང་ཐིག་འདིའི་ནང་ལ་ཤོང་པ་བྱེད་དགོས། ད་0ཀླད་ཀོར་འདི་ཨང་ཀི་དང་པོ་ཡིན་པར་ཁྱེད་རང་གིས་ཤེས་ཀྱི་ཡོད། གང་དག་གང་ཡང་མིན་པ་དེ་རེད། ཕལ་ཆེར་ཁྱེད་རང་གིས་ཤེས་ཀྱི་མེད་པ་རེད་ཡིན་ནའང་ད་ཁྱེད་རང་གིས་ཤེས་ཀྱི་ཡོད་རེད། ད་ཁྱེད་རང་འགྲོ་ས། 1 (གཅིག་) 2 (གཉིས་) 3(གསུམ་) 4 (བཞི་) 5(ལྔ་) 6 (དྲུག་) 7 (བདུན་༌) 8 9 (དགུ་) 10 (བཅུ་) འགྲོ་བསྡད་ཀྱི་རེད། 11(བཅུ་གཅིག་) ང་ཚོས་བཤད་ཡག་3གསུམ་དང་+4བཞི་སྡོམ་པ། 3གསུམ་ནས་འགོ་འཛུགས་ཆོག་པ། ང་ལ་3གསུམ་ཡོད་རེད། ཨ་ནི། ང་ཚོས་3དེ་ལ་4བཞི་སྣོན་གྱི་རེད། ད་ང་ཚོས་བྱེད་ཡག་ནི་ང་ཚོ་ཨང་ཐིག་བརྒྱུད་ཡར་འགྲོ། ཡང་ན་ང་ཚོ་ཐད་ཀར་ཨང་རིམ་སྒང་ལ་འགྲོ། ད་དུང་4བཞི། སོང་ཙང་1་་་་་2་་་་3་་་་་4་བྱས་འགྲོ། དོ་སྣང་བྱེད་ཡག། ང་ཚོས་བྱེད་ཡག་ནི། འདི་1གཅིག་གིས་2གཉིས་ཀྱིས་3གསུམ་གྱིས་4བཞིས་མང་རུ་གཏོང་། ཨ་ནི། 7བདུན་ལ་མཚམས་བཞག། དེ་ང་ཚོའི་ལན་རེད། ང་ཚོས་མི་འདྲ་བ་ཁ་ཤས་ཅིག་བྱེད་ཐུབ་ཀྱི་རེད། ང་ཚོས་བཤད་ཐུབ་ཡག་ལ། ག་རེད་་་་་ གལ་ཏེ་ངས་ཁྱེད་རང་ལ་8བརྒྱད་དང་+1གཅིག་སྡོམ་ན་ག་ཚད་རེད་ཅེས་སྐད་ཆ་དྲི་ན། ཧམམམམམ། 8་+1 ཕལ་ཆེར་ཁྱེད་རང་གིས་རང་ཤེས་ཡོད་ཀྱི་རེད། 8བརྒྱད་དང་+1གཅིག་སྡོམ་པ་ནི། ཨང་ཀི་8བརྒྱད་རྗེས་ལ་ཨང་ཀི་ག་རེ་ཡིན་པ་དེ་ག་རང་རེད། ཡིན་ནའང་གལ་ཏེ་ཁྱེད་རང་གིས་ཨང་ཐིག་ལ་བལྟས་པ་ན། ཁྱེད་རང་གིས་8བརྒྱད་ནས་འགོ་འཛུགས་བྱས། ཁྱེད་རང་གིས་1གཅིག་སྣོན་གྱི་རེད། 8བརྒྱད་དང་+1གཅིག་སྡོམ་པ་9དགུ་དང་གཅིག་མཚུངས་རེད། ད་དཔེ་ཁག་ག་ཁ་ཤས་ཞིག་བྱེད་དགོས། ཁྱེད་རང་གིས་ཤེས་གསལ་རེད། གལ་ཏེ་འགོ་འཛུགས་ནས་ཁྱེད་རང་ཚ་གི་ཚི་གེ་ཡོད་ན།་ རྟག་པར་ཁྱེད་རང་གིས་རི་མོ་ཐིག་སྒོར་ཅིག་འབྲོ་དགོས་རེད། རྒྱུན་དུ་ཨང་ཐིག་འབྲི་དགོས་རེད། ཨ་ནི། སྦྱོང་བརྡར་མང་ང་བྱེད་པ་དང་། དུས་ཚོད་མཐའ་མར། རེ་བ་ལ་འདི་ཚོ་བློ་ལ་ངེས་པ་འབྱུང་གི་རེད། ཨ་ནི། སྐར་ཆ་ཕྱེད་ཀའི་ནང་ལ་དཔེ་དེ་ཚོ་ཁྱེད་རང་གིས་བྱེད་ཀྱི་རེད། ངས་ཁྱེད་རང་ལ་ཁས་ལེན་བྱེད་དགོས། སྦྱོང་བརྡར་བྱེད་བསྡད་དགོས་རེད། འདིར་ངས་གཅིག་བཤད་དགོས། ཡང་སྐྱར་ང་ལ་ཨང་ཐིག་འབྲི་འདོད་འདུག། ངོ་མ་བྱས་ན། ང་ལ་ཐིག་གི་ལག་ཅ་ཞིག་ཡོད། སོང་ཙང་། ངས་ཁྱེད་རང་ལ་ཐིག་མདོག་ཉེས་པོ་སྤྲོད་བསྡད་ཡག་དེ་ཚོ་ སྤྲོད་མི་དགོས་པ་བྱས། དེར་ལྟོས་དང་། དེ་ཡ་མཚན་པོ་རེད། བྱས་ན། ཚོད་བལྟ་བྱེད་ཆོག་པ་ཅིག། ཨོ། ལྟོས་དང་། ཐིག་དེ་ཡིན་མདོག་ཁག་པོ་འདུག། རྗེས་ལ་ཐིག་འདི་སུབ་ཡག་ཕམ་ས་རེད། ཨང་ཐིག་ཅིག་འབྲི་ཆོག་པ་ཞིག། ཀླད་ཀོར་ གཅིག། གཉིས། གསུམ། བཞི། ལྔ་། དྲུག། བདུན། བརྒྱད། དགུ། བཅུ། བཅུ་གཅིག། བཅུ་གཉིས། བཅུ་གསུམ། བཅུ་བཞི། བཅོ་ལྔ་། ད་ང་ཚོ་དྲི་བ་ཁག་པོ་ཞིག་བྱེད་དགོས། ག་རེ་རེད་་་་་་་་་་་་་ ཚོན་མདོག་གཞན་པ་ཞིག་བེད་སྤྱོད་བྱེད་ཀྱི་ཡིན། 5 ལྔ་དང་ + 6 དྲུག་སྡོམ་ན། གལ་ཏེ་ཁྱེད་རང་བསྙན་འཕྲིན་བཀག་འདོད་ཡོད་ན་་བཀག་ན་འགྲིག་གི་རེད། ཨ་ནི། འདི་ལ་ཚོད་བལྟ་བྱེད། གཅིག་བྱས་ན་ཁྱེད་རང་གིས་ལན་འདི་སྔ་ས་ནས་ཤེས་ཡོད་ཀྱི་རེད། ངས་ག་རེ་བྱས་ནས་ལབ་ཀྱི་ཡོད་རེད་ཟེར་ན་འདི་དྲི་བའི་གནས་ཁག་པོ་ཞིག་རེད། རྒྱུ་མཚན་ག་རེ་བྱས་ནས་ཟེར་ན་འདིའི་ལན་ནི་ཁྱེད་རང་གི་ལག་པ་ གཉིས་ལ་ཡོད་པའི་མཛུབ་མོའི་གྲངས་ཀ་ལས་མང་ང་ཡོད་རེད། བྱས་ཙང་ཁྱེད་རང་གིས་མཛུབ་མོའི་སྒང་ལ་བྱེད་ཐུབ་ཀྱི་མ་རེད། དྲི་བའི་གནས་འདི་ལ་ལས་ཀ་འགོ་འཛུགས་དགོས། ཏོག་ཙི་འགུག་ཨ། ངའི་ཁ་པར་སྐད་རྒྱབ་ཀྱི་འདུག།། ཡིན་ན་ཡང། ང་ཁ་པར་ལ་ཡ་བྱེད་ཀྱི་མེད། ག་རེ་བྱས་ནས་ཟེར་ན། ཁྱེད་རང་གལ་ཆེ་གའི་རེད། ཡ་ཡ།་ད་ལྔ་ནས་ ༥ འགོ་འཛུག་དགོས། ད་ང་ཚོ་ལྔ་༥་ནས་འགོ་འཛུག་གི་ཡོད། ཨ་ནི། ང་ཚོས་དེ་ལ་༦ སྣོན་གྱི་ཡིན། ད་ང་ཚོ་འགྲོ། ༡ གཅིག།། ༢ ༣ ༤ ༥ ༦ ད་ང་ཚོ་ ༡༡ ལ་སླེབས་སོང། ༥ + ༦ སྡོམ་ན་ ༡༡ དང་གཅིག་མཚུངས་རེད། ད་ང་ཁྱེད་རང་ལ་དྲི་བ་ཞིག་དྲི་བགྱི་ཡིན། ༦ + ༥ ག་ཚད་རེད། ཧུ། ང་ཚོས་དེ་མཐོང་གི་རེད། ཨང་ཀི་གཉིས་ཕར་ཚུར་བརྗེ་བོ་རྒྱབ་པ་དང་ ལན་གཅིག་པ་རག་ཐུབ་ས་རེད་པས། ང་ཚོས་དེ་ཚོད་ལྟ་བྱེད་དགོས། ངས་ཚོན་མདོག་མི་འདྲ་བར་བེད་སྤྱོད་བྱེད་ཀྱི་ཡིན། ང་ཚོ་ཚང་མ་མགོ་མ་ཐོམས་པ་བྱེད་ཨ། ད་ ༦ ནས་འགོ་འཛུག་དགོས། རེད་བ། གནས་སྐབས་རིང་སེར་པོ་འདི་ཕར་བཞག།། འདི་ལ་་༥སྣོན། ༡ ་་་ ༢ ་་་ ༣ ་་་ ༤ ་་་ ༥ ཡ། ས་ཆ་གཅིག་པ་ལ་སླེབས་ཀྱི་རེད། ངས་བྱས་ན། ཁྱེད་རང་གིས་དཀའ་ངལ་མང་པོ་འདིའི་ཐོག་ལ་ ཚོད་ལྟ་བྱེད་འདོད་ཡོད་ཀྱི་རེད། ཨ་ནི། ཁྱེད་རང་གིས་ཤེས་ཡག་ལ། ཨང་ཀིའི་རིམ་པ་ག་འདྲས་ཡིན་པ། ༥ + ༦ སྡོམ་པ་ ནི་ ༦ + ༥ སྡོམ་པ་དང་དོན་གཅིག་པ་རེད། དེར་བརྟེན་དེས་གོ་དོན་ཅིག་ཡོད་པ་བཟོ་བགྱི་རེད། གལ་ཏེ་ང་ལ་ཨེ་ཝོ་ཀ་ཌོ་༥ ཡོད་པ་དང་ཁྱེད་རང་གིས་ང་ལ་༦ དྲུག་སྤྲད་ན། ང་ལ་ ༡༡ ཐོབ་ཀྱི་རེད། གལ་ཏེ་ང་ལ་ ཨེ་ཝོ་ཀ་ཌོ་ ༦ ཡོད་པ་དང་ཁྱེད་རང་གིས་ང་ལ་ ༥ སྤྲད་ན། ལམ་ཕྱོགས་གཉིས་ཀ་ནས། ང་ལ་ ༡༡ ཐོབ་ཀྱི་རེད། ཨང་ཐིག་འདི་ཡིན་མདོག་ཁ་པོ་འདུག།། སོང་ཙང་དཔེ་ཁ་ཤས་ཅིག་བྱེད་དགོས་་་་ ངས་འདི་བེད་སྤྱོད་བྱེད་ཡོད། དེ་ལྟར་ཡང་ད་དུང་ ་དཔེ་ཁ་ཤས་ཞིག་ བེད་སྤྱོད་བྱེད་འདོད་འདུག། ཐེ་ཚོམ་མེད་པར་ངས་ཁྱེད་རང་ལ་མུས་མཐུས་ནས་མགོ་ཐོམ་བཅུག་གི་ཡིན། ག་རེད་བྱས་ནས་ཟེར་ན་ངས་འདིའི་སྒང་ལ་མང་པོ་ཅིག་བྲིས་ཀྱི་ཡིན། ལྟོས་ཨ། ད་ལྟ་ངས་དཀར་པོ་བེད་སྤྱོད་བྱེད་ཀྱི་ཡིན། ༨ + ༧ སྡོམ་ན་ག་ཚད་རེད། ངའི་རེ་བ་ལ་འདི་ཀློག་ཐུབ་ཀྱི་ཡོད་ན། ༨ འདིར་ཡོད་རེད། རེད་བ། ང་ཚོས་འདི་ལ་ ༧ སྣོན་གྱི་ཡིན། ༡ ༢ ༣ ༤ ༥ ༦ ༧ ང་ཚོ་ ༡༥ ལ་འགྲོ་ཡོད། ༨ + ༧ ༡༥ རེད། རེ་བ་ལ་དེས་དཔེ་དེ་འདྲ་ག་འདྲས་སེ་བྱེད་དགོས་པ། བསམ་བློ་གཏོང་ཡག་ཡོད་པ་ཅིག་སྤྲོད་ཀྱི་རེད། ངའི་ཚོད་དཔག་བྱེད་པ་ལས་ལྷག་པ། ཁྱེད་རང་གིས་བསྒྱུར་བརྩི་ཏོག་ཙམ་སྦྱོང་གི་རེད། ཡིན་ན་ཡང་ཁྱེད་རང་གིས་ཨང་བརྩི་འགོ་འཛུགས་དུས། དྲི་བའི་གནས་འདི་ཚོ་རིགས་ལ་ སྦྱོང་བརྡར་དགོས་མཁོ་ཆེན་པོ་ཡོད། གནས་ཚད་ཁ་ཤས་ལ་ཁྱེད་རང་གིས་བློ་འཛིན་བྱེད་དགོས་རེད། ད་ལྟ་ ཁྱེད་རང་གིས་བལྟས་མོ་ལྟ་དུས། ཁྱེད་རང་གིས་ག་འདྲས་ཚོར་གྱི་ཡོད་པ་ངས་དྲན་སྐུལ་བྱེད་འདོད་ཡོད། ཁྱེད་རང་ཤེས་གསལ་རེད། དུས་ཚོད་གང་མཚམས་ཅིག་ལ་ཁྱེད་རང་གིས་ཕྱི་མིག་ལྟ་བ་དང་། ལོ་གསུམ་གྱི་ནང་ལ་བལྟས་མོ་འདི་ཁྱེད་རང་ལ་ལྟ་བཅུག་འདོད་དང་། ཨ་ནི། དེ་དུས་བལྟས་མོ་ལྟ་དུས་ཁྱེད་རང་གིས་ག་འདྲས་སེ་ཚོར་བ་དེ་དྲན་པ་བྱེད། ཁྱེད་རང་གི་སེམས་ནང་ལ། ཨོ་འདི་དཔེ་ལས་སླ་བོ་རེད་འདུག་ག།། ག་རེ་བྱས་ནས་ཟེར་ན་ཁྱེད་རང་མགྱོགས་པོ་ཤེས་ཀྱི་ཡོད་རེད། གང་ལྟར་ཀྱང་ཁྱེད་རང་ལ་བསམ་བློ་གཏོང་ཡག་ཞིག་ཡོད་རེད། གལ་ཏེ་ཁྱེད་རང་གིས་ང་ཚོས་ གང་སྤྲོད་པའི་སྡོམ་བརྩིའི་ དྲི་བའི་གནས་ཀྱི་ལན་མ་ཤེས་ན། ཁྱེད་རང་གིས་བརྡ་སྟོན་སྣོན་ཅིག།། ཨ་ནི། འདིས་སྒོར་ཐིག་བྲིས་ཀྱི་རེད། ཨ་ནི། ཐད་ཀར་སྒོར་ཐིག་གྲངས་ཀ་རྒྱབ་ན་འགྲིགས་ཀྱི་རེད། ཡང་ན་ཁྱེད་རང་རང་གིས་བྱེད་འདོད་ཡོད་ན། ཁྱེད་རང་ལ་དྲི་བའི་གནས་རག་གི་རེད། ཁྱེད་རང་གིས་སྒོར་ཐིག་བྲིས་ན་འགྲིགས་ཀྱི་རེད། ཡང་ན་ཁྱེད་རང་གིས་ཨང་ཐིག་འཐེན་ན་འགྲིགས་ཀྱི་རེད། དཔེར་ན་ང་ཚོས་འདིར་བཤད་པ་བྱེད་པའི་སྐབས་ལ་བྱེད་པ་ནང་བཞིན། ངས་བྱས་ན་ཁྱེད་རང་སྡོམ་བརྩི་བྱེད་པ་ལ་གྲ་སྒྲིག་ཡོད་ཀྱི་རེད། སྐྱིད་པོ་གཏོང།