ཡུ་གོ་ས྄ལཱ་ཝི་ཡ་ཡིན་པའི་སྐབས་ཀྱི་མངའ་སྡེ་ཡང་ན་ས་ཁུལ་ནང་ལ་མི་རིགས་དང་ ཆོས་དང་མཐུན་པའི་ཆ་དང་མི་མཐུན་པའི་ཆ་མཁྱེན་པ་ལ་ཏོག་ཙི་རྙོག་འཛིང་ཚ་བོ་ཡོད། ཡིན་ན་ཡང་བརྙན་པར་འདི་ནང་ལ་ངའི་བྱེད་འདོད་ནི་འདིའི་སྐོར་ལ་རྩ་བའི་འགྲེལ་བཤད་ཉུང་ཉུང་ཞིག་བྱེད་རྩིས་ཡོད། དམག་ཆེན་དང་པོ་ལ་མེ་ཙག་གི་རིགས་ཁ་ཤས་མཁྱེན་པ་དང་ ཨ་ནི། ཡུ་གོ་ས྄ལཱ་ཝི་ཡ་ཁ་ཐོར་བ་དེ་གསལ་པོར་མཁྱེན་པ་ལ་འདི་ནི་ལྡེ་མིག་ཅིག་ཡིན། ༨༠ སྨད་དང་ ༩༠ འགོ་སྟོད་ལ་དམར་པོའི་རིང་ལུགས་ལྷུང་བའི་སྐབས་ལ་གནས་ཚུལ་ཤིན་ཏུ་མདོག་ ཉེས་པོ་བྱུང་ཡོད། སོང་ཙང་སྔོན་ལ་ཡུ་གོ་ས྄ལཱ་ཝི་ཡ་ཞེས་པའི་ ཚིག་དེ་ག་ནས་འོང་བ་ཤེས་དགོས་པ་གལ་ཆེན་པོ་ཡིན། ཚིག་དོན་ལྟར་བྱས་ན་འདི་ལྷོ་ཕྱོགས་ས྄ལཱ་ཝིག྄་ལ་གོ་བགྱི་ཡོད། སོང་ཙང། ཡུ་གོ་ཟེར་དུས་ལྷོ་ཕྱོགས་ལ་གོ་བགྱི་ཡོད། ཨ་ནི། ས྄ལཱ་ཝི་ཡ་ཟེར་དུས་ས྄ལཱ་ཝིག་མངའ་སྡེ་ལ་གོ་བགྱི་ཡོད། མི་ཚོས་ས྄ལཱ་ཝིག་གི་སྐད་རིགས་ཀྱི་སྐོར་སྐད་ཆ་བཤད་དུས། ས་ཁུལ་འདིའི་ནང་ལ་བེད་སྤྱོད་ བྱེད་པའི་སྐད་ཀྱི་སྐོར་ལ་ཁོང་ཚོས་སྐད་ཆ་བཤད་ཀྱི་ཡོད། ད་དུང་ ཤར་ཡུ་རོབ་མང་ཆེ་བ་དང་ད་ལྟ་ག་རེ་ཡིན་པའི་ཨུ་རུ་སུ་ཡང་ཚུད་ཀྱི་ཡོད། ད་འདིར་ག་རེ་ཡོད་པ་ནི། སེར་བོ་-ཀ྄རོ་ཡེ་ཤེན་བེད་སྤྱོད་བྱེད་སར་ ང་ཚོས་སྔོན་པོའི་མཚོན་མདངས་རྒྱབ་ཡོད། འདི་ནི་ས་ཁུལ་འདིའི་ནང་ལ་གཙོ་འགངས་ཆེ་བའི་ས྄ལཱ་ཝིག་སྐད་རིགས་དེ་ཡིན། ཨ་ནི། དེར་ཡུལ་སྐད་མང་པོ་ཡོད། ག་རེ་ཡིན་ན་ཡང་མི་འགའ་ཤས་ཀྱིས་ “དེ་ཀ྄རོ་ཡེ་ཤན་རེད་ཟེར་བ་དང། ཡང་ན་དེ་མོན྄་ཏེ་ནེག་རན྄་ཟེར་བ་དང། ཡང་ན་སེར་བི་ཡེན་ཟེར་གྱི་རེད” ཡིན་ན་ཡང་སྐད་རིགས་སྨྲ་བ་ཚོས་སྐད་རིགས་དེ་ཚོ་ཕན་ཚུན་ཧ་ཅང་ཐག་ཉེ་བོ་རེད་ཅེས་ཟེར་གྱི་ཡོད། ཨ་ནི། ཁྱེད་རང་གིས་དེ་ཚོ་སེར་བོ-ཀ྄རོ་ཡེ་ཤན་ནང་བཞིན་ སྐད་རིགས་གཅིག་ལྟ་བུའི་སྡེ་ཚན་ནང་དུ་གཏོང་ཐུབ་ཀྱི་ཡོད། ཨ་ནི། དེང་དུས་ཀྱི་ཀ྄རོ་ཡེ་ཤི་ཡ་དང་བོ་སི་ནི་ཡ་དང་ཧེར་ཛེ་གོ་ཝི་ན་དང་སེར་བི་ཡ་དང་མོན྄་ཏེ་ནེག་རོ་ ནང་ལ་ འདི་བེད་སྤྱོད་བྱེད་པ་ཁྱེད་རང་གིས་མཐོང་གི་ཡོད། དེར་བརྟེན་འདིར་དེ་ནི་མཐུན་པའི་ཆ་ཡིན་པ་དང་། དེས་ས་ཁུལ་འདི་མཉམ་དུ་མཚམས་སྦྱོར་བྱེད་ཀྱི་ཡོད། དེའི་སྒང་ལ་ས྄ལོ་ཝེ་ནི་ཡེན་གྱི་སྐད་ཡང་ས྄ལཱ་ཝིག་ཡིན། འདི་སེར་བོ་-ཀ྄རོ་ཡེ་ཤིན་དང་འབྲེལ་བ་ཉེ་བོ་ཡོད། མ་སེ་ཌོ་ནི་ཡ་ནང་ཁོང་ཚོས་ས྄ལཱ་ཝིག་གི་སྐད་བེད་སྤྱོད་བྱེད་ཀྱི་རེད། འདི་ནི་བ྄ལ྄་གཱ་རི་ཡེན་དང་ཐག་ཉེ་བ་ཡོད། ཡིན་ན་ཡང་འདི་དེ་(སེར་བོ་-ཀ྄རོ་ཡེ་ཤ྄ན྄་) དང་ཐག་ཉེ་བའི་འབྲེལ་བ་ཞིག་ཡོད། འདི་ནི་སེར་བོ་-ཀ྄རོ་ཡེ་ཤ྄ན྄་དང་ཆ་ཚང་མི་འདྲ་བ་མེད། འདིར་ས་ཁུལ་འདི་མགོ་ནས་མཇུག་བར་དུ་སྐད་རིགས་ཀྱི་འབྲེལ་བ་ཡོད། ད་ས་ཁུལ་འདི་ག་རེས་ཁྱད་པར་འབྱེད་ཀྱི་རེད་ཟེར་ན་ཆོས་ལུགས་དང་རྒྱལ་རབས་ཀྱིས་འབྱེད་ཀྱི་ཡོད། སོང་ཙང་། ས་ཁུལ་འདི། གལ་ཏེ་ཁྱེད་རང་གིས་ལོ་བརྒྱ་་ཙམ་སྐོར་ཕྱི་མིག་བལྟས་པ་ཡིན་ན་ འདི་རྒྱལ་ཁམས་སྣ་ཚོགས་ཀྱི་དབང་དུ་ཚུད་པ་བྱུང་ཡོད། ཨཽས྄་ཊ྄རོ-ཧང་གེ་རི་ཡེན་གྱི་རྒྱལ་ཁམས་དང་ཨོ་ཊོ་མན྄་རྒྱལ་ཁམས། དཔེར་ན། ཨཽས྄་ཊ྄རོ-ཧང་གེ་རི་ཡེན་གྱི་རྒྱལ་ཁམས་ལབ་དུས། རོ་མན྄་ཀེ་ཐོ་ལིག་གི་རྒྱལ་ཁམས་ལ་གོ་བགྱི་ཡོད། ཁྱེད་རང་གིས་ཨོ་ཊོ་མན྄་གྱི་སྐོར་སྐད་ཆ་བཤད་དུས། ཁྱེད་རང་གིས་ཁ་ཆེ་རྒྱལ་ཁམས་ཀྱི་སྐོར་སྐད་ཆ་བཤད་ཀྱི་ཡོད། ལོ་བརྒྱ་རིང་ཁོང་ཚོས་ཆ་ཤས་མི་འདྲ་བའི་ས་ཁུལ་དེ་ཚོ་འཇུས་པ་ཡིན། དེར་བརྟེན་དེའི་འབྲས་བུར་ཆོས་ལུགས་མང་པོ་འདྲེས་པ་བྱུང་བ་དང་། ཆོས་ལུགས་དེ་མི་མང་གིས་མི་རིགས་ག་རེ་ཡིན་པ་ཡིད་ལ་བྱེད་པ་དང་འབྲེལ་བ་ཆགས་པ་བྱུང་ཡོད། སོང་ཙང་ད་འདིར་ཆོས་ལུགས་ཀྱི་དུམ་བུར་སོང་བའི་རིགས་འདྲ་བོ་ཡོད། དེ་ཡང་སྔོན་མ་ཡུ་གོ་ས྄ལཱ་ཝི་ཡའི་རྒྱལ་ཁབ་ཡིན། འདིར་ཁ་མདོག་ཟིང་སྐྱ་བྱས་པ་ཡོད་པའི་ས་ཁུལ་དེ་ རོ་མན྄་ཀེ་ཐོ་ལིག་ཤས་ཆེ་བ་ཡིན། ངས་འདིར་ཤས་ཆེ་བ་ཟེར་བའི་རྒྱུ་མཚན་ནི་ དེ་ཆ་ཚང་འདྲེས་བྱས་བསྡད་ཡོད་རེད། བྱས་ཙང། ས྄ལོ་ཝེ་ནི་ཡ། ཀ྄རོ་ཡེ་ཤི་ཡ། གཙོ་བོར་རོ་མན྄་ཀེ་ཐོ་ལིག་ཡིན། གལ་ཏེ་ཁྱེད་རང་གིས་སར་བི་ཡ་དང་མོན྄་ཏེ་ནེག་རོ་ལ་བལྟས་པ་ཡིན་ན། གཙོ་བོར་ཤར་ཕྱོགས་ཨོར་ཐོ་ཌོག྄ས྄་ཡིན། འདིར་ཀོ་སོ་ཝོ་ནང་ལ་ཁ་ཆེའི་མི་འབོར་ཤུགས་ཆེན་པོ་ཡོད། ཀོ་སོ་ཝོ་དེ་སར་བི་ཡ་དང་མོན྄་ཏེ་ནེག་རོ་དུམ་བུར་མ་སོང་གོང་དང་ དེ་ཡང་ཆོས་ལུགས་མི་འདྲ་བའི་རྣམ་པ་ཡོད་པ་ལ་མ་ལྟོས་པར་དེ་ཚོའི་ཆ་ཤས་ལྟ་བུ་ཡིན། ཨ་ནི། བོས྄་ནི་ཡ་དང་ཧེར་ཛེ་གོ་ཝི་ནཱ་ནི་ཆོས་ལུགས་ཀྱི་ཐོག་ནས་བཤད་ན་དཔེ་འདྲེས་ཡོད། རོབ་ཚོད་བྱས་ན་མི་འབོར་ཕྱེད་ཀ་ལོ་བརྒྱའི་རིང་ཕར་ཚུར་གནས་སྤོས་བྱས་ནས་བསྡད་ཡོད། ཡིན་ན་ཡང་དེར་ཆོས་ལུགས་ཤས་ཆེ་བ་ནི་ཁ་ཆེ་ཆོས་ལུགས་ཡིན། འདིར་མི་ཚོ་མགོ་འཐོམ་ས་ནི། སྤྱིར་སྟངས་མི་ཚོས་ བོས྄་ནི་ཡེག་གི་སྐོར་སྐད་ཆ་བཤད་དུས། ཁོང་ཚོས་ བོས྄་ནི་ཡེན་ཁ་ཆེའི་སྐོར་སྐད་ཆ་བཤད་ཀྱི་ཡོད། བོས྄་ནི་ཡ་དང་ཧེར་ཛེ་གོ་ཝི་ནཱ་ལ་གལ་ཆེན་ཕན་ནུས་འདྲེན་ཐུབ་མཁན་གྱི་སར྄བས྄་ཡི་ཆ་ཤས་ཆུང་ཆུང་ཞིག་ ཡོད། ཡིན་ན་ཡང་ཁོང་ཚོ་ཤར་ཕྱོགས་ཨོར་ཐོ་ཌོགས྄་(ཡི་ཤུའི་སྲོལ་རྙིང་་རྗེས་འཇུག་པ་)ཡིན། སོང་ཙང་འདིར་ངས་ཁ་མདོག་རྒྱ་སྨུག་བཞག་པ་ཡིན། འདིའི་མི་འབོར་བྱས་པ་ཡིན་ན་གསུམ་ཆ་གཅིག་དང་ དེ་ལ་ཡང་རོ་མན྄་ཀེ་ཐོ་ལིག་གི་མི་འབོར་གང་འཚམས་ཆེན་པོ་ཡོད། ཡང་ན་ང་ཚོས་བོས྄་ནི་ཡེན་-ཀ྄རོཊས྄་ཀྱི་མི་འབོར་ལབ་ནའང་འགྲིག་གི་རེད། དེར་བརྟེན་འདིར་གསལ་པོ་བཟོ་ཡག་ཆེད་དུ་ཡིན། ཐ་ན་འདིའི་རྒྱལ་རབས་གོ་དུས་དང་ ཡང་ན་བརྙན་འཕྲིན་ནང་ནས་གོ་དུས་དཔེ་མགོ་འཐོམ་གྱི་རེད། ངས་དྲན་གསོ་པ་ ༩༠ ནང་བསྡད་པ་ལ། ངས་གསར་འགྱུར་གོ་དུས་དཔེ་མགོ་འཐོམ་གྱི་ཡོད། གལ་ཏེ་མི་ཞིག་གིས་བོས྄་ནི་ཡེན་ཁ་ཆེ་ཡང་ན་བོས྄་ནི་ཡག་གི་སྐོར་ལ་སྐད་ཆ་བཤད་དུས། བོས྄་ནི་ཡ་ལ་གནས་པའི་ཁ་ཆེ་ལ་གོ་བགྱི་ཡོད། གལ་ཏེ་ཁོང་ཚོས་ བོས྄་ནི་ཡེན་-ཀ྄རོའཊ྄་ལབ་དུས། མི་རིགས་ཀྱི་ཆ་ནས་ཀ྄རོའཊ྄་ཡིན་པ། བོས྄་ནི་ཡ་ལ་གནས་མཁན་ཞིག་ལ་གོ་བགྱི་ཡོད། སྤྱིར་སྟངས་ནས་དེ་ཚོ་རོ་མན྄་ཀེ་ཐོ་ལིག་ཡིན། དེ་ནས་བོས྄་ནི་ཡེན་-སརབ྄་ལབ་དུས། མི་རིགས་ཀྱི་ཆ་ནས་ཁོང་ཚོ་རང་ཉིད་ཀྱིས་ སར་བི་ཡེན་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད། ཡང་ན་སརབ྄་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད། དེ་ཡང་བོས྄་ནི་ཡ་དང་ཧེར་ཛེ་གོ་ཝི་ནཱ་ལ་གནས་མཁན་ཞིག་ཡིན། ཡིན་ན་ཡང་ཕལ་ཆེར་ དེ་ཚོ་ཤར་ཕྱོགས་ཨོར་ཐོ་ཌོག྄ས྄་(ཡི་ཤུའི་སྲོལ་རྙིང་རྗེས་འཇུག་པ་)ཆགས་ཀྱི་ཡོད། དེས་ན་ཁྱེད་རང་གིས་ཡིད་ལ་འཆར་བ་བྱེད་ཐུབ་ཡག་ནི། འདིར་ཁྱེད་རང་ལ་སྐད་རིགས་དང་ ཐ་ན་མི་རིགས་ཀྱི་འབྲེལ་བ་ཤུགས་ཆེན་པོ་དེ་ཚོ་ཡོད། ཡིན་ན་ཡང་གནད་དོན་གཅིག་ལ་ཆོས་ལུགས་དང་ ཡུལ་སྐད་ཀྱི་འགྱུར་བའི་དབང་གིས་དེར་གལ་གནད་ཅན་གྱི་ མི་འདྲ་བའི་ཁྱད་པར་ཁྱོན་འབོར་ཞིག་ཡོད། ཁྱད་པར་དུ་གནས་ཚུལ་མདོག་ཉེས་པོ་འབྱུང་དུས་ མི་འདྲ་བའི་ཁྱད་པར་དེ་ཚོ་མངོན་དུ་གྱུར་ཡོད། དཔེར་དམར་པོའི་རིང་ལུགས་ལྷུང་བའི་སྐབས་ལ་བྱུང་ཡོད། ངའི་རེ་བར་གློག་བརྙན་ཐུང་ཐུང་འདིས་འདྲ་ཆོས་དང་ མི་འདྲ་བའི་ཁྱད་པར་ཡོད་པའི་རྨང་གཞི་སྒྲིག་གི་ཡོད། ཨ་ནི། གློག་བརྙན་འདིས་ང་ཚོ་ག་རེས་དམག་ཆེན་དང་པོ་ལ་འཁྲིད་པ་དང་། ཡང་ན་ག་རེས་དམག་ཆེན་དང་པོ་ལ་རྐྱེན་བྱས་པ་དང་ ཡང་ན་ ༩༠ སྡེ་བ་ལ་ཡིད་དུ་མོ་འོང་གནས་སྟངས་རིགས་ང་ཚོའི་མཐོང་ཆོས་སུ་གྱུར་པ་རྣམས་ཤེས་པ་ལ་ ཕན་ཐོགས་ཀྱི་རེད། ཨ་ནི། ཐ་མར་སྐབས་བབས་ཀྱི་དོན་བཤད་ན། དེ་ཡང་དམག་ཆེན་དང་པོའི་བར་དུ་འདི་གཅིག་གྱུར་གྱི་རྒྱལ་ཁབ་ཅིག་མིན། ཚད་གཞི་གང་འཚམས་ཤིག་ནས་གཅིག་གྱུར་གྱི་རྒྱལ་ཁབ་ཤིག་ཡིན་པ་བཟོ་བ་ལ་འདོད་པ་བྱུང་ཡོད། འདོད་པ་གཅིག་པ་ཡོད་པའི་མི་རིགས་ཀྱི་ཤོག་ཁག ། སྐད་རིགས་ཀྱི་ཤོག་ཁག།། ཨཽས྄་ཊ྄རོ་- ཧང་གེ་རི་ཡེན་རྒྱལ་ཁམས་དང་ ཨོ་ཊོ་མན྄་རྒྱལ་ཁམས་མཉམ་དུ་ཁ་འཐོར་བ་རེད། དམག་ཆེན་དང་པོའི་སྐབས་ལ་ཨཽ་ཊོ་མན྄་རྒྱལ་ཁམས་ ཉམས་པའི་སྐབས་དང་། འདིས་གཅིག་གྱུར་གྱི་རྒྱལ་ཁབ་སྐྲུན་པའི་འདོད་པ་ལ་ ནུས་ཤུགས་འཕར་མ་སྐྱེད་བཅུག་ཡོད། ཁྱད་པར་དུ་དམག་ཆེན་དང་པོ་དེས་ ཡུ་གོ་ས྄ལཱ་ཝི་ཡ་གཅིག་གྱུར་ཆགས་པ་ལ་རྒྱུ་དང་གེགས་མི་བྱས་པ་བྱས་ཡོད། ཨ་ནི། དམར་པོའི་རིང་ལུགས་མ་ལྷུང་གི་བར་དུ་རྣམ་པ་མི་འདྲ་བའི་ཐོག་ནས་གཅིག་གྱུར་བྱས་ནས་བསྡད་པ་ བྱུང་ཡོད། ཨ་ནི། ཐ་ན་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་དང་དམར་པོའི་རིང་ལུགས་ཀྱི་རྒྱལ་ཁབ་ཡིན་ཡང། གྲང་དམག་གི་སྐབས་ཨུ་རུ་སུ་དང་ཁྱད་མཚར་གྱི་འབྲེལ་བ་དང་ རྒྱང་ཐག་རིང་བའི་འབྲེལ་བ་ཅིག་ཡོད། དེ་དུས་དམར་པོའི་རིང་ལུགས་ཡིན། དེས་གཅིག་གྱུར་ལྟུ་བུ་གནས་པར་བྱས་ཡོད། ཁྱད་པར་དུ་དམར་པོའི་རིང་ལུགས་ལྷུང་བའི་རྗེས་ལ་ ཆོས་ལུགས་དང་མི་རིགས་མི་འདྲ་བའི་ཁྱད་པར་གྱིས་རྒྱལ་ཁབ་དེ་དུམ་བུར་སོང་བ་ཡིན།