འཛམ་བུའི་གླིང་གི་རྒྱལ་རབས་ཚང་མའི་ ནང་ནས་ཡོངས་གྲགས་ཀྱི་དོན་རྐྱེན་གྱི་སྐོར་ ད་ལྟ་ང་ཚོས་སྐད་ཆ་བཤད་འགྲོ་ཡོད། དོན་རྐྱེན་དེས་དངོས་གནས་དམག་ཆེན་དང་པོ་ ཡང་ན་དེ་དུས་དམག་ཆེན་པོ་ཟེར་བ་ཞིག་ལ་རྐྱེན་སློང་བྱས་ཡོད། སོང་ཙང་འདི་ནི་ལྡིངས་ཆའི་རྒྱབ་ཡོལ་ལྟ་བུ་ཞིག་ཡིན། ༡༩༠༨ ལོ་ལ་ཨཽས྄་ཊ྄རོ་-ཧང྄་གེ་རིཡེན྄་རྒྱལ་ཁམས་ཀྱིས་ སྔོན་ཚུད་ནས་ བོས྄་ནཱིཡ་དང་ཧེར྄ཛི་གོ་ཝཱི་ནཱ་ཟླ་སྒྲིལ་དུ་གཏོང་གི་ཡོད། ༡༨༠༠ སྨད་སྔོན་ཚུད་ནས་ བཙན་འཛུལ་བྱས་ཡོད། དེ་དུས་ནས་ཨོ་ཊོ་མན྄ས྄་ཟུར་དུ་འབུད་རྒྱག་རྒྱབ་ཡོད། ཡིན་ན་ཡང་ ༡༩༠༨ ལ་མངའ་འོག་དུ་བསྡུས་པ་བྱུང་ཡོད། ལྡིངས་ཆའི་རྒྱབ་ཡོལ་ཀྱི་དོན་རྐྱེན་ཏོག་ཙི་མང་ང་ཞུས་ན། དཔེར་ན་བལ྄་ཀན྄ས྄་ནས་ཨོ་ཊོ་མན྄ས྄་ཕྱིར་འབུད་བྱས་པས། ཡོ་གོ་ས྄ལཱ་ཝིཀ྄་གི་མི་མང་དང་ལྷོ་ཕྱོགས་ ས྄ལཱ་ཝིཀ྄་གི་མི་མང་ལ་གཅིག་སྒྲིལ་བྱེད་ཡག་གི་ རེ་བ་མང་ང་ཡོང་བ་ལ་ཕན་ནུས་དྲངས་ཐུབ་ཡོད། མི་ཚོས་ཡུ་སྒོ་ས྄ལཱཝ྄་སྐོར་སྐད་ཆ་བཤད་དུས་ དོན་དངོས་ལ་མི་ཚོས་ལྷོ་ཕྱོགས་ས྄ལཱཝ྄ས྄་ཀྱི་སྐོར་ལ་སྐད་ཆ་བཤད་ཀྱི་ཡོད། དེ་ཚིག་དོན་ལྟར་བྱས་ན་ལྷོ་ཕྱོགས་ལ་གོ་གི་ཡོད། དེར་བརྟེན་དེ་དུས་རྒྱལ་ཞེན་ཅན་གྱི་རེ་བ་མང་པོ་བྱུང་ཡོད། ཡིན་ན་ཡང་ ༡༩༠༨ སྐབས་ལ་ཨཽས྄་ཊ྄རོ་ - ཧང་སྒེ་རིཡེནས྄་ཀྱིས་ ཕན་ནུས་ལྡན་པའི་མ་འོངས་པའི་ཡུ་གོ་ས྄ལཱཝ྄་གི་ཆ་ཤས་ ཆགས་སྲིད་པའི་གལ་གནད་ཅན་གྱི་མངའ་སྡེ་དེ་ མངའ་འོག་དུ་བསྡུས་ཚར་པ་ཡིན། དེ་དུས་སེར྄་བི་ཡའི་རང་བདག་གི་རྒྱལ་སྲིད་ འདིར་ཡོད། ཨ་ནི། ཁྱེད་རང་གི་སེམས་ལ་འཆར་ཡག་ནི་ འདི་རྒྱལ་ཞེན་ཅན་གྱི་ལས་འགུལ་ཡོང་སའི་ནང་ལྟ་བུ་ལྟེ་གནས་ཞིག་ཆགས་ཡོད། གལ་ཏེ་ཁོང་ཚོས་ལྷོ་ཕྱོགས་ས྄ལཱཝིཀ྄་མངའ་སྡེ་གཞན་པ་དེ་འདི་ལ་བསྲེས་ཐུབ་པ་ཡིན་ན། ཉི་མ་གཅིག་འདི་ཡུ་གོ་ས྄ལཱ་ཝིཡ་ཆེན་པོར་འགྱུར་ཐུབ་ཀྱི་རེད། དེར་བརྟེན་དེ་དང་འབྲེལ་བར་ང་ཚོ་ ༡༩༡༤ ལ་སླེབ་ཀྱི་ཡོད། འདིར་ཐིག་ཅིག་འབྲི་ཆོག་པ་ཞིག ། ང་ཚོ་ ༡༩༡༤ ཕྱི་ཟླ་༦ ཚེས་༢༨ ལ་སླེབ་ཀྱི་ཡོད། འདི་རྒྱལ་རབས་ཚང་མའི་ཚེས་གྲངས་ཀྱི་ནང་ནས་ ཚེས་གྲངས་སྐད་གྲགས་ཆེ་ཤོས་ཤིག་ཡིན། ཨར྄ཅ྄་ཌུག་ ཕེརཱན྄ཛ྄་ ཕེར྄་དི་ནཱན྄ད྄་དང་ཁོའི་སྐྱེ་དམན་སོ་ཕིཡེ་ སཱ་རཱ་ཇེ་ཝོ་ལ་འགྲོ་གི་ཡོད། ད་ལྟ་རྩི་བ་ཡིན་ན་ ཟླ་སྒྲིལ་བཏང་བའི་བོས྄་ནི་ཡཱ་ལ་ཡོད། ཨ་ནི། ཁོ་ཚོ་དེར་ཡོད་དུས་ བོས྄་ནིེ་ཡེན྄་གཞོན་ནུ་ཚོགས་པ་ཟེར་ཡག་ནས་ ཁོང་ཚོར་ལྐོག་གསོད་བྱེད་ཡག་གི་འཆར་གཞི་ཞིག་ཡོད། ཚོགས་པ་དེ་ལག་པ་ནག་པོའི་ཚོགས་པ་ཟེར་བ་དང་འབྲེལ་བ་ཡོད། ལག་ནག་གི་ཚོགས་པ་དེ་མི་རིགས་རིང་ལུགས་ཀྱི་ཚོགས་པ་ལྟ་བུ་ཞིག་ཡིན། དེ་དེ་དང་འབྲེལ་བ་ - དེ་ཚོ་གསལ་བོ་ཞེ་དྲགས་མི་འདུག།།- ཡིན་ན་ཡང་འདི་ སེར྄་བི་ཡའི་རྒྱལ་པོའི་ཁབ་ནང་གི་སྡེ་ཚན་ཁེར་རྐྱང་དང་འབྲེལ་བ་ཡོད། ཁོང་ཚོས་ཨར྄ཅ྄་ཌུག་ ཕ྄རཱན྄ཛ྄་ ཕེར྄དི་ནཱན྄ད྄་ལྐོག་གསོད་ བྱེད་ཡག་ལ་འབད་བརྩོན་བྱེད་ཀྱི་ཡོད། དངོས་འབྲེལ་ལ་འདི་ཡིད་དབང་འཕྲོག་ཡག་གི་སྒྲུང་ཞིག་ཡིན། ག་རེ་བྱས་ནས་ཟེར་ན་ལྐོག་གསོད་བྱེད་ཡག་འབད་བརྩོན་དང་པོ་ ཡོངས་སུ་རྫོགས་པ་ནོར་འཁྲུལ་བྱུང་ཡོད། དཔེར་ན་དེ་དུས་མི་གཅིག་གིས་ ལྐོག་གསོད་བྱ་མིར་བྱེད་པ་འབད་བརྩོན་བྱེད་ཡོད། ནོར་འཁྲུལ་བྱུང་དུས་ཁོས་ སྨན་དུག་ཐུམ་ཐུམ་སོ་རྒྱབ་ཡག་འབད་བརྩོན་བྱེད་པ་དང་ ཨ་ནི། རྒྱུག་ཆུ་ནང་ལ་མཆོང་གི་ཡོད། ཡིན་ན་ཡང་སྨིན་དུག་ཐུམ་ཐུམ་འདིའི་ནུས་པ་ཉམས་ཚར་ཡོད་པ་དང། རྒྱུག་ཆུའི་གཏིང་རིང་ཚད་ཨིན་ཆི་ ༡༠ ལས་མེད་པ་དང། དེར་བརྟེན་ཁོང་ཚོས་ཁོ་འཛིན་ཐུབ་པ་བྱུང་ཡོད། ལྐོག་ཇུས་འདིང་མཁན་ནང་ནས་གཅིག་གི་མིང་ལ་གཱཝ྄་རི་ལོ་ པ྄རིན྄་སིཔ་ཟེར་གྱི་ཡོད། ནོར་འཁྲུལ་དེ་ཚོ་བྱུང་བའི་དེ་མ་ཐག་ཏུ་ ཁོས་ལྐོག་གསོད་ཀྱི་འབད་བརྩོན་ཆ་ཚང་བློས་བཏང་གི་ཡོད། ཨ་ནི། དོན་དངོས་ལ་སཱ་རཱ་ཇེ་ཝོ་ལ་ཁོས་ཀ་ཕེ་ཞིག་ནང་ལ་སེན྄ཌ྄་ཝིཆ྄་ཟ་བཞིན་ཡོད། གནས་ཚུལ་དེ་འདྲ་འབྱུང་བཞིན་པའི་སྐབས་ལ་ཁོས་ ནོར་འཁྲུལ་ག་འདྲས་སེ་བྱུང་པའི་སྐོར་ལ་བསམ་བློ་གཏོང་གི་ཡོད། ཨར྄ཅ྄་ཌུག་ ཕ྄རཱན྄ཛ྄་ ཕེར྄་དི་ནཱན྄ད྄་ཁོང་སཱ་རཱ་ཇེ་ཝོ་ནང་ལ་འགྲོ་དུས་ ཁོང་ཚོས་འཆར་གཞི་བཏིང་པའི་བརྒྱུད་ལམ་ལ་ ནོར་འཁྲུལ་ཞིག་བྱུང་བ་དང་དེས་ གཱཝ྄་རི་ལོ་པ྄རིན྄་སིབ྄་ཀྱི་ཉེ་འགྲམ་དུ་འཁྲིད་ཀྱི་ཡོད། དེར་བརྟེན་ཁོས་ཁོང་ཚོ་ལམ་ཁ་ནོར་བ་ལ་ཡོང་བ་མཐོང་གི་ཡོད། ཨ་ནི། ཁོང་ཚོས་ཁོ་ཡོད་ས་ད་ག་རང་ནས་མོ་ཊོ་བཏང་ནས་འགྲོ་གི་ཡོད། སེམས་ལ་ངེས་ཡག་ལ། མི་དེ་ཚོས་སྔོན་ཚུད་ནས ཁོང་ལྐོག་གསོད་བྱེད་ཡག་ཡིན་པ་ ཞོགས་ཀད་ནས་ཤེས་ཀྱི་ཡོད། དེ་འདྲ་ཡིན་ཙང་དངོས་གནས་བྱས་ན་ཁོང་ཚོ་གཟབ་གཟབ་བྱེད་དགོས་ཀྱི་ཡོད། གཱཝ྄་རི་ལོ་པ྄རིན྄་སིཔ྄་ཁོས་སེན྄ཌ྄་ཝིཆ྄་བཞག་ནས་ལངས་ཀྱི་ཡོད། ཨ་ནི། ཨར྄ཅ྄་ཌུག་ ཕ྄རཱན྄ཛ྄་ ཕེར་དི་ནཱན྄ཌ྄་དང་སོ་ཕི་ཡེའི་ མོ་ཊོ་མཐོང་སར་འགྲོ་ཡག་འགོ་འཛུག་གི་ཡོད། མོ་ཊོ་གཏོང་མཁན་ཚོས་ ནོར་འཁྲུལ་བྱུང་བ་ཤེས་དུས་ ཁོང་ཚོས་རྒྱབ་ཤིག་རྒྱབ་བརྩི་བྱེད་པ་དང་དེས་ ད་དུང་གནས་སྟངས་སྡུག་ཏུ་གཏོང་གི་ཡོད། ག་རེ་བྱས་ནས་ཟེར་ན་མོ་ཊའི་འཕྲུལ་འཁོར་འགག་ཡག་འགོ་འཛུག་གི་ཡོད། གཱཝ྄་རི་ལོ་པ྄རིན྄་སིཔ་མི་ཊའི་རྩ་ལ་འགྲོ་གི་ཡོད། ཨ་ནི། ཨར྄ཅ྄་ཌུཀ྄་ ཕེར྄ན྄ཛ྄་ ཕེར྄་དི་ནཱན྄ད྄་དང་སོ་ཕི་ཡེ་ལ་ མེ་མདའ་གཞུ་ཐུབ་ཀྱི་ཡོད། འདི་གནད་དོན་གལ་ཆེན་པོ་གང་འདྲས་ཡིན་པ་ཁྱེད་རང་ལ་ཞུ་ན། ཨཽས྄་ཊ྄རི་ཡ་ཡི་ཨར྄ཅ྄་ཌུཀ྄་ ཕ྄རཱན྄ཛ྄་ ཕེར་དི་ནཱན྄ད྄་ནི་རྒྱུད་པ་འཛིན་མཁན་ཞིག་ཡིན། ཁོང་ནི་ཕརཱན྄ཛ྄་ ཇོ་སེབ྄་ཀྱི་ཚ་བོ་ཡིན། ཕརཱན྄ཛ྄་ ཇོ་སེབ་ནི་ཨཽས྄་ཊ྄ར྄ི་ཡ་ - ཧང་ག་རི་ཡི་དབང་སྒྱུར་མཁན་ཡིན། སོང་ཙང་ཁོང་རྒྱལ་ཁམས་དེའི་ཤུལ་འཛིན་མཁན་ཡིན། གཱཝ྄་རི་ལོ་པ྄རིན྄་སིབ་ཀྱིས་ཁོང་ལྐོག་གསོད་བྱེད་ཀྱི་ཡོད། དེར་བརྟེན་གཱཝ྄་རི་ལོ་པ྄རིན྄་སིབ་ཀྱིས་ ཕ྄རཱན྄ཛ྄་ ཕེར྄་དི་ནཱན྄ད྄་ལྐོག་གསོད་བྱས་པ་རེད། འདིར་ང་ཚོ་ལ་ གཱཝ྄་རི་ལོ་པ྄རིན྄སིབ་ཀྱི་དཔར་ཡོད། ངས་བྱས་ན་འདི་ཁོང་རེད། ཁོང་ཟིན་པའི་དེ་མ་ཐག་གི་སྐབས་ལ་རེད། བློ་ལ་ཏོག་ཙི་འཆར་ཡག་ཆེད་དུ་འདི་ག་འདྲས་སེ་ ཡུ་གོ་ས྄ལཱ་ཝི་ཡེན྄་རྒྱལ་ཞེན་ཅན་གྱི་ལས་འགུལ་ ཡོངས་རྫོགས་དང་འབྲེལ་བ་ཆགས་བསྡད་ཡོད་རེད། དེ་དུས་ཁོ་ཟིན་དུས་ཁོས་ ” ང་རྒྱལ་ཞེན་ཅན་གྱི་ཡུ་གོ་ས྄ལཱ་ཝི་ཡེན྄་ཞིག་ཡིན་….” “….དམིགས་ཡུལ་ནི་ཡུ་གོ་ས྄ལཱཝ྄ས྄་ཆིག་སྒྲིལ་ཆེད་དུ་ཡིན་….” “…ཨ་ནི། ང་རྒྱལ་ཁབ་ཀྱི་རྣམ་པ་ག་རེ་ཡིན་པ་ལ་དོ་སྣང་མེད་…” “…ཡིན་ན་ཡང་འདི་ཨཽས྄་ཊ྄རི་ཡ་དང་ཁ་བྲལ་བ་དགོས་ཡོད།” ཅེས་ལབ་པ་རེད། སོང་ཙང་བྱ་སྤྱོད་འདིའམ་ལྐོག་གསོད་འདི་ རྒྱལ་ཞེན་ཅན་གྱི་ལས་འགུལ་གྱིས་ཀུན་སློང་བྱས་པ་དང་ ཡང་ན་བོས྄་ནི་ཡ་ - ཧེརཛེ་གོ་ཝི་ན་ སེར྄་བི་ཡ་དང་མཉམ་དུ་ཟླ་སྒྲིལ་གཏོང་པའི་འདོད་པས་ཀུན་སློང་བྱས་པ་ཡིན། གཅིག་བྱས་ན་ཀ྄རོ་ཤི་ཡ་དང་མཉམ་དུ་བོས྄་ནི་ཡ་ཧེརཛེ་གོ་ཝི་ན་དང་སེར྄་བི་ཡ། ལྐོག་གསོད་ཀྱི་བྱ་སྤྱོད་འདི་དམག་ཆེན་དང་པོའི་ཆ་རྐྱེན་ཡིན་པ་ བརྙན་འཕྲིན་རྗེས་མ་ནང་ལ་མཐོང་གི་རེད། རྒྱུ་མཚན་ག་རེ་བྱས་ནས་འདིས་དམག་ཆེན་དང་པོ་ལ་རྒྱུ་རྐྱེན་བྱས་པ་རེད། རྒྱུ་རྐྱེན་འདི་གཅིག་པུས་མ་ཡིན་ལ། དེར་རྒྱུ་མཚན་མང་པོ་བགྲང་ཡག་ཡོད། ཡོ་རོབ་ནང་གི་རྒྱལ་ཁམས་མང་པོས་སྔོན་ཚུད་ནས་དམག་མི་ས་ཁུལ་ཁག་ནང་ལ་གཏོང་བཞིན་པ་དང་ འཁྲུག་པ་རྒྱབ་ཡག་ལ་འདོད་པ་ཡོད་རེད་ཅེས་ཁྱེད་རང་གིས་རྩོད་པ་བྱས་ནའང་འགྲིག་གི་ཡོད། དེའི་སྒང་ལ་དམིགས་ཡུལ་གཅིག་མཐུན་སྒྲུབ་པ་ལ་མཐུན་སྒྲིག་བྱེད་ཡག་བྱུང་ཡོད། རྒྱུ་རྐྱེན་མང་པོ་ཚང་བས་ཌོ་མི་ནོས྄་(dominoes)ལྷུང་བ་ནང་བཞིན་ ཡོ་རོབ་ནང་ལ་ཟ་ངེ་ཟིང་ངེ་བྱུང་བ་དང་། ག་རེ་བྱས་ནས་ཟེར་ན་ཁོང་ཚོ་ལ་རྒྱལ་ཁམས་དེ་ཚོ་ཡོད་པ་དང་། གཞི་རྐང་ནས་འཛམ་བུའི་གླིང་མང་ཆེ་བ་ ཕན་ཚུན་དམག་རྒྱབ་པ་ལ་འགོག་རྐྱེན་བྱུང་མེད།